R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༤༨༤
[A:༤༨༤]མཆོད་ཆས་དངུལ་ཏིང་ཆེ་ཆུང་བདུན་ཆ་གཉིས་མཆོད་ཀོང་ཆེ་ཆུང་གཉིས། སྤོས་འཛིན། མེ་དམ་སྤོས་ཕོར་ཆེ་བ་དངུལ་གྲུབ་ཀྱཻ་རྡོར་ལྷ་དགུ་པད་སྡོང་ཅན་སོགས་ཚ་གསེར་གྱིས་བརྒྱན་པ་ཤ་སྟག་དང་གཏའ་སྤེལ་སྣོད་སོགས་དངུལ་ཏེབ་བཞི་བཅུ་སྐོར་དང་། གཞན་ཡང་ཉེ་འཁོར་གོས་དམར་གྱི་སྨད་ཁེབས་འཁོར་ལོ་ཅན། སྟོང་སེར་ས་ཆིངས་གཟུང་ཐག་རྡོར་བཅས་ལ་སོགས་པ་རྡོ་གཞོང་དང་རང་འཐག་སོགས་ཚུན་ཆད་ཉེར་མཁོ་བྱས་ཆོག་འདི་དག་གསར་བསྐྲུན་མཛད་ཅིང་། དགུང་གྲངས་སོ་བརྒྱད་དུ་ཕེབས་པ་ལྕགས་སྤྲེལ་ཁྲུམས་ཟླའི་ནང་སྐུ་ཁ་བདོ་བ་ཞིག་ཀྱང་བྱུང་ཚོད་ཀྱི་རྣམ་ཐར་ཞལ་གསུང་མའི་གོང་འཕྲོས་ལས། སོ་བརྒྱད་ལོ་ལ་གྲོ་བཞིན་ཟླ་བའི་མཇུག། །བྱ་རྒྱལ་རྒོད་པོ་གནམ་འཕང་གཅོད་པ་ལ། །ཧོར་ལས་སྐྱེས་པའི་བདུད་སྤྲུལ་མ་རུངས་པས། །ས་རྙི་བཙུགས་ཟིན་ནས་འགུམ་འདོད་ཀྱང་། །རོ་ཟན་འདབ་ཆགས་ལྟ་བུའི་སྔགས་སྨྱོན་ཁོ། །རྙི་ལ་ཐེབས་ལས་མེད་དོ་རྒས་གོག་ཚོ། །ཕྱིན་ཆད་སྙིང་ཚིམ་ཡིད་བདེ་དགའ་བར་མཛོད། །ཞེས་གསུངས་པས་ཤེས་ནུས་སོ། །དེ་ལྟར་དགུང་གྲངས་སོ་བརྒྱད་ཡན་གྱི་རྣམ་ཐར་ཞལ་གསུང་མ་དང་བསྟུན་ན་རགས་ཙམ་དེ་ལྟར་ལགས་ཀྱང་། ལོ་ཁམས་མི་གསལ་བའི་སྔོན་བྱོན་གོང་མ་རིམ་བྱོན་གྱིས་ཕྱག་བཏབ་པའི་སྤྱི་དང་བྱེ་བྲག་གི་བསྟན་འགྲོའི་མེ་བཙའ་གཙུག་ལག་ཁང་རྙིང་གྲས་ཆེ་ཕྲ་རྣམས་ལ་ཉམས་གསོ་ཇི་ལྟར་མཛད་པ་རྣམས་རགས་ཙམ་བརྗོད་ན། ཐོག་མར་རྗེ་བཙུན་གོང་མའི་གཟིམ་སྦུག་གཟིམ་སྤྱིལ་དཀར་པོའམ་སྒོ་རུམ་དུ་གྲགས་པ་འདི་ཉིད་ཀྱི་རྩེའི་སྤང་བད་སྤེན་བད་དུ་བསྒྱུར་