R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༤༨༨
[A:༤༨༨]སའི་སྟེང་དུ་གསེར་གྱི་གཉྫི་ར་དང་རྒྱལ་མཚན་རྔ་ཐུག་སོགས་ཀྱིས་བརྒྱན་ཏེ། དཔལ་ལྡན་ས་སྐྱའི་མཛེས་རྒྱན་དུ་བཞུགས་པ་དང་། འདིའི་ཤར་འདབ་ན་སྔོན་འཕགས་པ་རིན་པོ་ཆེ་རྒྱ་ཡུལ་ཕེབས་སྐབས་དྷ་རྨ་པཱ་ལཱའི་ཕྱི་རྟེན་གསེར་འབུམ་ལ་དཔོན་ཆེན་ཤཱཀྱ་བཟང་པོ་དང་ཤར་པ་འཇམ་དབྱངས་པ་རིན་ཆེན་རྒྱལ་མཚན་གཉིས་ཀྱིས་གཙུག་ལག་ཁང་སྟེང་དུ་གཡུ་རྩི་སྒྲོན་པའི་རྒྱ་ཕུབས་ཕག་སྣ་མ་བཅས་བསྐུལ་ཏེ་བཞེངས་པ་དེང་སང་གི་བར་དུ་གཡུ་ཐོག་ཅེས་གྲགས་པའི་གཙུག་ལག་ཁང་ཆེན་པོ་འདི་ན་བཞུགས་པའི་གསེར་འབུམ་ཆེན་མོ་འདིའི་འགྲམ་ན་མ་གཅིག་མཁའ་འགྲོ་འབུམ་གྱི་གསེར་འབུམ་དང་བཅས་པ་བཞུགས་པའི་གཙུག་ལག་ཁང་ལ་སྔགས་འཆང་གྲགས་པ་བློ་གྲོས། སྔགས་འཆང་མངྒའི་མཚན་ཅན། ཡབ་རྗེ་དབང་སྡུད་སྙིང་པོ་རྣམས་ཀྱིས་ཉམས་གསོ་དང་ཁྱད་པར་འཇམ་མགོན་དབང་སྡུད་སྙིང་པོས་ལྡེབས་བྲིས་རྣམས་ཐང་ཀར་སྤོད་གནང་དང་། བླ་བྲེ་འཕེན་སོགས་ལེགས་པར་བསྩལ་ཏེ། སྟེང་དུ་གཡུ་རྩི་སྒྲོན་པའི་རྒྱ་ཕུབས་དགོངས་པ་བཞེས་ཀྱང་ལག་རྒྱུན་མེད་པས་བཟོ་པ་ཁ་ཤས་ནས་སྒྲུབ་ཁུལ་བགྱིས་ཀྱང་ཧ་ཅང་ལེགས་པར་མ་བྱུང་བ་དེ་རྣམས་བླ་བྲང་ཤར་གྱི་ཀླུ་བྷ་སུ་དྷ་རའི་ཕོ་བྲང་སྟེང་ཕུལ་བ་འདི་ཡིན་ཚོད། གཡུ་ཐོག་ཤར་རམ་འཇམ་ཆུ་བཞུགས་ཁྲི་ཞེས་གྲགས་པའི་ལོ་རྒྱུས་ཅུང་ཟད་གླེང་ན། སྔོན་གྱི་དུས་སུ་རྒྱ་མཚོ་དཔོན་གྱིས་གཙོས་གདན་སའི་བཀའ་ཁྲིམས་པ་རྣམས་ཆོས་ཁྲིམས་སོགས་བཅའ་བའི་སྐབས་ཀྱི་རྒྱ་མཚོ་དཔོན་གྱི་བཞུགས་ཁྲི་ཡོད་པའི་གཡས་ཀྱི་ལྡེབ་བྲིས་ལ་ས་བིར་རྗེ་བཙུན་རྩེ་མོ། རྗེ་བཙུན་གྲགས་