R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༥༠༠
[A:༥༠༠]དོན་དུ་པདྨ་འབྱུང་གནས་ཉིད་ལས་གཞན་དུ་མ་འདས་པའང་སྐྱེས་ཆེན་དམ་པ་ཕན་ཚུན་གཟིགས་སྣང་འདི་ཉིད་ཀྱིས་གྲུབ། དེ་ནས་གཞུང་ས་མཆོག་གི་བཀའ་དགོངས་མཐའ་དམག་བཟློག་ཐབས་སུ་ལྷ་ལྡན་གྱི་ཕྱོགས་བཞིར་མནན་པའི་སྟེང་མཆོད་རྟེན་འདེབས་པ། རྡོ་རྗེ་གཞོན་ནུ་སོགས་གཏོར་བཟློག་ཀྱང་མང་དུ་མཛད་སྐད་དང་། ཆུ་ཕག་དབྱར་ཟླ་གང་རིགས་ཞིག་ལ་རྒྱལ་ཡུམ་དམ་ཚིག་སྒྲོལ་མ་ཞེས་རང་བྱོན་མ་སྐུ་ཆུང་བ་དེ་ཉིད་ལ་ངག་དབང་ཀུན་དགའ་རྒྱལ་མཚན་ལྷ་ཀླུར་དགའ་ཚལ་གྱི་མཆོར་ཁང་དེ་ཉིད་དུ་སྐུ་བལྟམས་པ། རྒྱང་ཙམ་ནས་གོང་ས་མཆོག་མཇལ་སྐབས་སྐུ་པང་དུ་བཞེས་ཤིང་དབུ་ཕུད་འབུལ་གནང་གིས་ངག་དབང་འཇམ་དཔལ་བདེ་ལེགས་རྒྱ་མཚོ་ཞེས་པའི་མཚན་གྱི་ཅོད་པན་སྩོལ་བར་མཛད་པ་སོགས་གཟིགས་བཟོས་ཆེ་ཁར་གདན་ས་འདི་ཉིད་ཀྱི་དགོན་ལག་ཟངས་ལྡན་ཆོས་སྡེས་མཚོན་སྤུ་དཀར་གཞིས་མ་ལག་གཏན་ཚིགས་དང་བཅས་པ་དང་། སྔར་ཡོད་ཆོས་གཞིས་ཁག་ལའང་འབྱེད་ཕྲ་རྒྱབ་གནོན་གཏན་ཚིག་བཅས་འབུལ་སྦྱོར་མཛད་པ་མ་ཟད། སྐུ་ཐོག་འདི་ལ་ས་རྟ་རྒྱ་བོད་དཔྱད་མཚམས་ཞེས་སྔོན་ས་སྤྲེལ་ལོར་གོར་བོད་ཟིང་ཞི་སྐབས་ནས་འདི་གའི་ཆོས་གཞིས་རྣམས་ལ་དེ་སྔ་ནང་ཁྲལ་ཁག་ལས་ཕྱི་ཁྲལ་རྨོན་རྔོད་དམག་རྨ་བྱ་ལྷ་ཐིལ་གྱི་མཇལ་སྐྱེས་ཙམ་ལས་གཞན་པའི་ཁྲལ་མེད་ཀྱང་། ས་སྤྲེལ་གོར་བོད་ཟིང་ཞི་ནས་བཟུང་ལམ་གཏོགས་འཁྲི་སྒྲུབ་གཞུང་བླའི་རྫོང་གཞིས་ས་ཁོངས་སྤྱི་འགྲོས་ལྟར་སྒྲུབ་དགོས་ཀྱང་། ད་ཕྱིན་སྔོན་ལམ་ལྟར་གྱི་སྟེང་གོང་ས་མཆོག་དང་གོང་མའི་སྐུ་ཚབ་ཨམ་བན་