R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༥༠༩
[A:༥༠༩]ཤོག །ཞེས་གསུངས་པ་ལྟར་སྐུ་གཞོན་ནུའི་དུས་ནས་དགུང་གྲངས་སོ་བརྒྱད་ཡན་ལ་བསྙེན་པ་མཛད་རིགས་ས་སྐྱ་པའི་ཡབ་ཆོས་ཕྱག་རྡོར་འབྱུང་འདུལ་དང་དགེས་རྡོར། བདེ་མཆོག་ནག་པོ་ལུགས། རྡོ་རྗེ་ཕུར་པ། རྡོ་རྗེ་འཇིགས་བྱེད། གྲུབ་ཆེན་ཛེ་ཏ་རའི་ལུགས་ཀྱི་ཚེ་དཔག་མེད་ལྷ་དགུ ཚེ་རྟ་ཟུང་འབྲེལ། ཕྱག་རྡོར་གཏུམ་པོ། དྲང་སྲོང་ལོག་ཏྲི། སེར་གདོང་སྔོན་མོ། གུར་མགོན་བྲག་རྫོང་མ། ཞིང་སྐྱོང་ཆེན་པོ་ཙ་ཏུ་མུ་ཁ་རྣམས་ཀྱི་གཞིའི་བསྙེན་པ་མཐར་ཕྱིན་པ་མཛད་པ་དང་། དགུང་གྲངས་སོ་བརྒྱད་མན་ནས་ད་དུང་ཡང་ལྷག་ལྷ་རབ་འབྱམས་ཀྱི་བསྙེན་སྒྲུབ་དུ་མ་མཛད་པར་གདོན་མི་ཟ་ཞིང་། དུས་རྒྱུན་གྱི་ཐུགས་དམ་གྱི་རིམ་པ། བིིར་སྲུང་ཕྱི་ནང་ལམ་ཟབ་ཕྱི་ནང་། ལམ་དུས་རྒྱབ་བས་དུས། བདེ་མཆོག་དྲིལ་བུ་ལུས་དཀྱིལ། ནཱ་རོ་མཁའ་སྤྱོད་ཀྱི་བསྒོམ་བཟླས་དང་བཞི་ལ་རྗེ་བཙུན་ས་སྐྱ་པ་རྣམས་ཀྱི་ཐུགས་དམ་ཆག་མེད་རྣམ་བཞིར་གྲགས་པ་གཙོ་བོར་མཛད་ཅིང་། གཞན་ཡང་བདེ་མཆོག་ནག་པོ་ལུགས་འཇིགས་བྱེད། ཕྱག་རྡོར་འབྱུང་འདུལ་དང་། གཏུམ་པོ། སེང་གདོང་མ། དྲང་སྲོང་ལོག་ཏྲི། ཚེ་དཔག་མེད་ལྷ་དགུ། བྱང་གཏེར་ལྕགས་གདོང་མ། ཚེ་རྟ་ཟུང་འབྲེལ། ཚེ་སྒྲུབ་གུར་བདུན་མ། སྲུང་འཁོར་བྲག་རྫོང་མ། གཞན་ཡང་མང་དུ་ཡོད་ཚད་བཅས་དང་། དགོང་ཁར་ཕུར་ཆུང་གཏོར་བསྔོ་ཆེན་མོ་བསྐང་བ་ཐུགས་དམ་མ་བཅས་ཆག་མེད་མཛད་ཅིང་། དེ་སྟེང་བརྒྱད། བཅུ་བཞི། ཉེར་གསུམ། ཉེར་དྲུག་ནས་གནམ་གང་བར་དུས་གཏོར་རྣམས་ཕྱག་ལེན་བཞིན་མཛད་པ་སོགས་ལ་བརྟེན། ཀུན་གྱིས་བཞིན་རས་ལ་དངོས་སུ་ལྟ་བར་མི་བཟོད་པ་དང་། གསུང་ཐོས་