R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༥༡༢
[A:༥༡༢]དུས་སྙིགས་མ་ལྔ་བདོ་བའི་གདུལ་བྱ་མ་རུངས་པ་དག་ལ་ཅུང་ཟད་ཐུགས་མ་རངས་པ་ཡང་འཁྲུངས་ཏེ། རེ་ཞིག་ཞིང་ཁམས་གཞན་དུ་གདུལ་བྱ་རྒྱ་ཆེ་བ་ལ་དགོངས་ཏེ། གཟུངས་སྐུའི་བཀོད་པ་བསྡུས་ཚུལ་ནི། འདི་སྐབས་སྔོན་རྗེས་རྣམས་སུ་སྐུ་ཐོག་འདིར་ཕྱག་འབྱོར་བྱུང་བའི་སྤུ་དཀར་གཞིས་སུ་སྐབས་རེ་ཕེབས་ཏེ། བཅད་རྒྱ་སོགས་ལ་འགྱང་ཙམ་བཞུགས་སྲོལ་ཡོད་ཚོད་ཀྱི་འདི་སྐབས་ཀྱང་དེ་བཞིན་ཡིན་ཚུལ་གྱིས་ཕེབས་ཏེ་འགྱང་ཙམ་བཞུགས་པར་གློ་བུར་དུ་བསྙུན་ཏེ། འདིར་བདག་ཁྲི་དང་མཛོད་པ་སོགས་སྣང་མེད་ཀྱི་མུར་གནས་ཚུལ་གསན་མ་ཐག་ཞབས་རིམ་རྒྱ་ཆེར་སྦད་སྤུང་དང་ལྷག་པར་བདག་ཁྲི་པདྨའི་མཚན་ཅན་ཉིད་མི་མཇལ་དོགས་པས་ནམ་ཉིན་ལྟོས་མེད་ཀྱིས་སྤུ་གཞིས་སུ་ཕེབས་པར། ཁུལ་དེའི་ཀོ་གྲུ་སོགས་ལ་མ་ལྟོས་པར་གཙང་ཆུར་ཕེབས་རྩིས་མཛད་པ་ན་ཡབ་རྗེ་དཔལ་ལྡན་ཆོས་སྐྱོང་དེ་ཉིད་སྤུར་གཞིས་ཀྱི་ཐོག་ཁར་སྐུ་གཟི་མདངས་ཅན་བཞེངས་ཏེ་གཟིགས་རྟོག་གནང་བ་གཟིགས་པས་ཅུང་ཟད་ལྷོད་པར་གྱུར་ཀྱང་ནང་དུ་ཕེབས་སྐབས། ཨོ་རྒྱན་གཉིས་པ་འགྲོ་མགོན་དབང་སྡུད་སྙིང་པོ་དེ་ཉིད་དགུང་གྲངས་ཞེ་བདུན་པ་ས་སྤྲེལ་ཟླ་བ་བཞི་པའི་ཚེས་བཅུ་དྲུག་ལ་རྔ་ཡབ་གླིང་དུ་སྤྲུལ་པ་སྤྲུལ་གཞི་ཨོ་རྒྱན་གྱི་ཐུགས་ཀར་བསྡུས་ཏེ། དབྱེར་མེད་རོ་གཅིག་ཏུ་གྱུར་ཟིན་པར་དངོས་སུ་མཇལ་ཕྲད་མ་བྱུང་ཡང་སྐུ་གདུང་རིན་པོ་ཆེའི་མདུན་དུ་ཕྱག་གྱང་འགྱེལ་བ་ལྟར་དུ་འཚལ་གནང་གིས་སྐུ་གདུང་རིན་པོ་ཆེ་ཕྱག་གཉིས་ཀྱི་དབུ་གཙུག་ཏུ་བཞེས་ཤིང་དུས་གསུམ་རྒྱལ་དང་རྒྱལ་སྲས་སོགས་ཤླཽ་ཀ་གསུམ་པོ་འདི་