R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༥༡༧
[A:༥༡༧]ཅིང་། གཞོན་ནུ་ནས་རབ་ཏུ་བྱུང་སྟེ་གདན་ས་འདི་ཉིད་ཀྱི་རྒྱུད་སྡེ་ཁག་དང་། གཏོར་བཟློག་ཁག་རྣམས་ཀྱི་རྡོ་རྗེ་སློབ་དཔོན་མཛད་པ་སོགས་བསྟན་པའི་བྱ་བ་ཐོས་བསམ་བསྒོམ་གསུམ་དང་། མཁས་པའི་བྱ་བ་འཆད་རྩོད་རྩོམ་གསུམ་གྱིས་དུས་འདའ་བར་མཛད་སྐབས། སྙིགས་དུས་ཀྱི་གདུལ་བྱ་རྣམས་བསོད་ནམས་དམན་པས་མ་ཆུད་པར་དགུང་གྲངས་ཉེར་གསུམ་པ་ས་སྤྲེལ་ཟླ་ཚེས་ལ་ཞིང་དུ་གཤེགས་པའི་ཚུལ་དང་དགོངས་རྫོགས་སོགས་སྒྲུབ་ཚུལ་གོང་འཇམ་མགོན་དབང་གི་མཚན་ཅན་གྱི་རྣམ་ཐར་བཞིན་གདུང་རུས་རྣམས་བཏུལ་ཏེ་སཙྪ་དྲི་མེད་སྙིང་པོ་ཅན་བཏབ་སྟེ་རབ་གནས་སྐབས་ལྷའི་མེ་ཏོག་དཀར་པོ་ཡུ་བ་ཅུང་ཟད་དང་བཅས་པ་མང་དུ་བབས་པ་སཙྪ་རྣམས་ལའང་སྦྱར་བ་དང་། སྔ་དུས་ལྷ་ཁང་བླ་བྲང་གི་གདུང་རབས་ཞིག་ལའང་བྱུང་ཚུལ་གསུངས་པ་སོགས་གོང་དུ་བསྟན་པ་བཞིན་དང་། གུ་རུ་པདྨའི་གཏེར་ལུང་ཞིག་ལས་ཁྱི་ཕག་རྒྱ་མཚོའི་མིང་ཅན་བྱུང་ཞེས་དགུང་སྙིང་བཅས་གསལ་བར་བསྟན་པ། ནང་རྟེན་ད་ལྟ་ལྷ་ཆེན་ཁྱམས་སྟོད་ན་བཞུགས་པའི་གསེར་དངུལ་ར་མ་ལུག་གི་འཇིག་རྟེན་དབང་ཕྱུག་བཅུ་གཅིག་ཞལ་གྱི་སྣང་བརྙན་འདི་ཡིན་པར་གསུངས་ཤིང་། ལྷ་ཆེན་སྐུ་གཉེར་སྤྲོད་དེབ་ན་བཅུ་གཅིག་ཞལ་འདི་རྗེ་བཙུན་རྨོལ་དྲུང་འཆི་མེད་བསྟན་པའི་ཉི་མས་གསར་བསྐྲུན་དང་། དེའི་ནུབ་ཀྱི་དངུལ་གྲུབ་མཆོད་རྟེན་འདི་ཡིན་པར་བཤད་ལ་གང་ལྟར་དེ་གཉིས་གང་རུང་ཡིན་པ་ལྷའི་མེ་ཏོག་སཙྪ་རྣམས་དེ་གཉིས་གང་རུང་གི་ནང་གཟུངས་སུ་བཞུགས་ཤིང་། གསང་ཡུམ་ཆོས་ལུང་མ་རྗེ་བཙུན་