R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༥༣༧
[A:༥༣༧]གཟི་འོད་འབར་བ་འདི་ལ་གཟུངས་གཞུག་རིང་བསྲེལ་རྣམ་བཞི་ཐུན་མོང་དང་ཐུན་མོང་མ་ཡིན་པ། གྲི་སྙིང་སྲོག་འཁོར་ལྕགས་རྡོར་སོགས་ཆ་ཚང་བཞུགས་པ་འདི་སྐབས་མགོན་ཁང་ནུབ་ཀྱི་རྒྱབ་ཏུ་ཁམས་པ་ཚོ་ཅིག་མཚོན་ཐོགས་འཁྲུག་ཤོར་གྱིས་གཅིག་གྲི་འོག་ཏུ་ཤི་བའི་གྲི་སྙིང་མན་ངག་བཞིན་སྒྲུབ་པ། གང་གི་ཐུགས་ཀར་བཞུགས་པ་ལ་རབ་གནས་ཐུན་མོང་བ་སྔགས་འཆང་ཆེན་པོའི་རབ་གནས་དངོས་གྲུབ་འབྱུང་གནས་ཀྱི་མཇུག་བཞིན་དང་། ཐུན་མོང་མ་ཡིན་པ་མགོན་པོའི་མན་ངག་ནས་བྱུང་བའི་རབ་གནས་ཞག་བདུན་མར་གྲགས་པ་སོགས་མཛད། གཞན་ཡང་ཡི་དམ་བདེ་ཀྱཻ་ཕུར་པ། ཆོས་སྲུང་རྣམས་སྨན་བྱིན་ལས་གྲུབ་པའི་སྤར་སྐུ་རྣམས་དང་། ཞལ་ཤར་གཟིགས་ལ་དམར་པོ་སྐོར་གསུམ་གྱི་སྐུ་བརྙན་མི་གཟུགས་ཙམ། ས་ཆེན་ཀུན་བློའི་སྐུ་དུས་བཞེངས་པར་མཛད་པའི་ཚོམ་བར་མགོན་ཁང་དུ་བཞུགས་པ་བཞིན། གསར་བཞེངས་རྣམས་ལ་སྤྱི་བྱེ་བྲག་གི་གཟུངས་གཞུག་བཅས་བྱིན་རླབས་ཀྱི་གཟི་འོད་འབར་བ་རྣམས་ལ་གནམ་རྒྱན་ས་རྒྱན། ཆོས་སྲུང་རྣམས་ཀྱི་མདུན་སྤྱན་གཟིགས། གཏོར་མ་རྣམ་གསུམ་སོགས་དྲུག་ལྡན་གྱི་མཆོད་རྫས་བཅས་བཞུགས་པ་རྣམས་ཀྱི་ཕོ་བྲང་རྩེ་མོར་གསེར་ཟངས་ཀྱི་གསེར་འབྲུ་རྒྱལ་མཚན་མགོན་ཁང་སྟེང་ཆོས་སྲུང་གུར་ཞལ་སོགས་ཀྱི་རུ་མཚོན་རྔ་ཐུག་བཅས་མཚན་ཉིད་དང་ལྡན་པ། སོ་སོའི་རབ་གནས་བཅས་ལེགས་པར་ཟིན་པ་རྣམས་ལ་རབ་གནས་དངོས་གཞི་ཡབ་རྡོ་རྗེ་འཆང་སྐུ་མཆེད་དང་། ཟུར་བཞུགས་མཁན་ཆེན་ཀུན་དགའ་དཔལ་བཟང་། དྲུང་རམས་པ་བློ་གྲོས་ཆོས་