R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༥༤༧
[A:༥༤༧]ཆེན་པོས་ཀྱང་། ཡུམ་གྱི་ལྷུངས་ན་བཞུགས་པ་འདི་ཡབ་རྗེ་དབང་སྡུད་སྙིང་པོའི་རྣམ་འཕྲུལ་ཡིན་ཅིང་། མཚན་ཡང་ཐེག་ཆེན་དབང་སྡུད་སྙིང་པོར་ཐོགས་ཤིག་ཅེས་ལུང་བསྟན་པ་བཞིན། ཤིང་སྤྲེལ་ཧོར་ཟླ་གསུམ་པའི་ཚེས་ཉེར་གཉིས་ལ་རྒྱལ་ཡུལ་ཞིང་སྐྱོང་དབང་མོ་ཉིད་ལས། གདུང་སྲས་བཀྲ་ཤིས་རིན་ཆེན་བལྟམས་པའི་ཚུལ་རྒྱས་པ་འོག་ཏུ་འབྱུང་ཞིང་། འཁྲུངས་སྟོན་སོགས་དགའ་སྟོན་རྒྱ་ཆེ་བར་མཛད། གང་ལྟར་ཕུན་ཚོགས་ཞབས་བརྟན་ལྷ་ཁང་བཞེངས་པ་ནས་བཟུང་ཡབ་ཡུམ་རྣམས་ཐུགས་བཞེད་འབད་མེད་ལྷུན་གྲུབ་ཏུ་བྱུང་ངོ་། །དེ་མཚམས་ནས་གཅུང་པོ་ཀུན་དགའ་རིན་ཆེན་ནས་ཕུན་ཚོགས་ཕོ་བྲང་གསར་བསྐྲུན་གྱིས་ཟུར་བཞུགས་ལྟ་བུར་མཛད་རྒྱུར། དེ་སྐབས་ས་གཞུང་མཛོད་པ་ལྩམ་དྲལ་ཆོས་འོད་ཟེར་རམ་ཞབས་པད་ནག་པོ་ཡང་ཟེར་བ་སོགས། གཟུར་གནས་རྣམས་ནས་སྐུ་མཆེད་རྣམས་ཐུགས་འདོད་གཅིག་ཏུ་ལས་འདི་བཞིན་མཛད་ཚེ། གདན་ས་ཆེན་པོ་འདི་ཉིད་ཀྱི་གཏམ་དོན་ལར་རྒྱར་གང་སར་གཏུགས་མིན་སོགས་བབས་ཞུས་ཀྱིས་བཀག་སྟེ་ཕུན་ཕོའི་རྩིག་འགྲམ་བྲུས་ཟིན་པ་ཡང་འགྱང་དགོས་བྱུང་ཡང་། སླར་ནས་ཁེག་པ་ཞིག་མ་བྱུང་བ་ཡིན་ནམ། ཕོ་བྲང་གསར་རྒྱག་གི་བསམ་ལྡེའི་ཡུམ་ཉི་ཟླ་དབང་མོ་དང་བཅས་ལྷན་གཞུགས་ཀྱི་ཕུན་ཚོགས་ཕོ་བྲང་དུ་གྲགས་པ་འདི་བཞིན་བྱུང་ཞིང་། སྐུ་མཆེད་གྲས་མགོན་པོ་དངོས་གྲུབ་དཔལ་འབར་ནས་ཕུན་ཚོགས་བདེ་སྐྱིད་འདི་ལྟེ་བ་ཡབ་རྗེ་དབང་གི་མཚན་ཅན་གྱི་སྐུ་དུས་སྤྲོ་སང་གནང་ཡུལ་དུ་ས་གཞུང་རང་ནས་བརྒྱབ་ཚོད་ཀྱང་དེ་ལས་ཅུང་རྒྱ་བསྐྱེད་དེ་སྐུ་མཆེད་རྣམས་ཀྱི་