R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༥༥༩
[A:༥༥༩]མ་ཚད་ལྡན་དུ་ཆ་མི་འཇོག་པ་དེ་ལྟར་ན། ད་ལམ་རབ་གནས་བྱ་རྒྱུའི་རྟེན་འདི་ལ་ཡང་པད་གདན་སྟེང་ནས་དབུ་གཙུག་བར་ལ་ཤིང་ཚད་ཞོག་ཅིག་ནན་དུ་གསུངས་པ་ན་བཀའ་བཞིན་བསྒྲུབས་པ། ཤིང་ཚད་དེ་ཉིད་ལ་ཀུན་གྱིས་མཐོང་བར་དམ་ཕྲུག་གིས་མནན་ཏེ། རབ་གནས་མ་གྲུབ་བར་ཕྱག་གཞུང་དུ་བདག་པོ་རྒྱོབ་ཅིག་གསུངས། དེ་ནས་རབ་གནས་སྔགས་གསོལ་གྲུབ་འཕྲལ་དུ་སྔར་གྱི་ཤིང་ཚད་ཁྱེར་ཤོག་གསུངས་ཏེ། རྟེན་དེ་ཉིད་ལ་ཚད་པའི་ཚེ་རྟེན་དེ་ཉིད་སྔར་གྱི་སྐུ་ཚད་ལས་མཐོ་གང་ལྷག་ཙམ་འཕར་བས་ཚང་མ་རྗེ་ཉིད་རྟེན་དང་བཅས་པར་རྗེས་སུ་ཡི་རང་གི་དད་པ་སྐྱེས། ཡང་མཛོད་ནག་ཏུ་རྣམ་སྲས་བསྐང་བ་བན་ཚང་པ་དང་བཅས་ཞག་བདུན་ན་བཟའ་ཟབ་བཞེས་བཅས་གནང་སྐབས་རྒྱ་དཔོན་ཞིག་དེར་ལྷགས་ནས། གསེར་དངུལ་ཇ་དར་མང་བ། ཁྱད་པར་རྡོ་ཡི་ལྷུང་བཟེད་འབྲུ་སྣས་བཀང་སྟེ་ཕུལ་བ་ནི། སྔོན་བྱུང་དང་མཐུན་པར་རྣམ་སྲས་དངོས་མཇལ་ལྟ་བུར་བྱུང་བ་སོགས་ཤིན་ཏུ་དགེ་བར་བྱུང་བ་དང་། ཤིང་འབྲུག་ཤིང་སྦྲུལ་གང་རུང་ཞིག་ལ། རྒྱ་དཔོན་ཆི་ཀྲུང་ཐང་དུ་གྲགས་པ་གོང་མ་ཆེན་མོས་བོད་ཀྱི་ལས་དོན་ཞིབ་གཅོད་དུ་མངགས་པ་དེ་བཞིན། འདིར་ཡང་གནས་མཇལ་ཡིན་ཚུལ་དུ་བྱས་ཏེ་འོངས་པ། རྗེ་ཉིད་ནས་ལྷ་ཆེན་ཆིབས་སྟེགས་སུ་བསུ་བར་ཕེབས་ཏེ་ཡར་ལམ་རྒྱ་དཔོན་དང་ཕྱག་བསྒྲེངས་ཏེ། ཕུན་གླིང་ངོས་ལ་གཟིགས་ཤིང་ཀུན་གྱིས་མཐོང་ཚུལ་དུ། ཞབས་གཉིས་མཐོ་གང་ཙམ་འཕགས་ཤིང་། བཞིན་རས་ལས་འོད་ཁྲོམ་བྱེད་པ་རྒྱ་དཔོན་དེ་དང་གཞུང་སའི་སྐུ་དྲག་ཀུན་གྱིས་མཐོང་བ་དང་། གཅུང་ཀུན་རིན་ཕུན་