R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༥༦༣
[A:༥༦༣]ལུང་སོགས་གནང་དགོས་གྲུབ་ནས་རྒྱུན་གཏན་ཕུར་ཆུང་གཏོར་བསྔོ་བསྐང་བ་ཐུགས་དམ་མ་སྔ་དྲོ་མ་གྲུབ་པའི་ལམ་དུས་སོགས་གནང་དགོས་རྣམས་དང་། གུར་རུ་དྲག་དམར་རི་ཁྲོད་མ་མགོན་པོ་བྲག་རྫོང་མའི་བསྲུང་བཟློག་སོགས་རྒྱུན་དུ་ཉམས་བཞེས་ལྷག་ལྷ་རྣམས་སྒྲོལ་སྟེང་གཟིམ་སྦུག་གི་ལྡེབས་བྲིས་ཇི་བཞིན་ཡིན་འདུག་པ་དང་། སྲོད་ལ་ཉལ་བའི་རྣལ་འབྱོར་གྱིས་གཟིམ་སྟེ། ཐུན་མཚམས་ཐམས་ཅད་དུ་རྣལ་འབྱོར་རྣམ་བཅུའི་དུས་འདའ་བ་གཟུགས་སྐུ་མ་འདུས་བར་དུ་ཆག་མེད་མཛད་པས། དམ་པའི་ཡོན་ཏན་ས་ལམ་མཐོན་པོར་ཕེབས་པ་གདོན་མི་ཟ་ཞིང་རང་ཅག་གདུལ་བྱའི་སྣང་ངོར་ཡང་། གོང་འོག་རྣམས་སུ་སྨོས་པ་བཞིན། མངོན་ཤེས་རྫུ་འཕྲུལ་མཐུ་རྩལ་སོགས་ལ་ཐོགས་པ་མེད་པ་འདི་བཞིན་བྱུང་བ་དང་། འཆད་པ་ཉི་མའི་འོད་ཟེར་གྱིས་གདུལ་བྱའི་བློ་གྲོས་ཀྱི་པད་ཚལ་རྒྱས་པར་མཛད་པའི་ཚུལ་ཡང་། སྐུ་གཞོན་ནུའི་དུས་ནས་བཟུང་སྔ་ཕྱི་ལམ་འབྲས་ལན་ལྔ་ཙམ་གསུངས་པ། དང་པོ་སྡེ་དགེ་ཆོས་རྒྱལ་ཚེ་དབང་རིན་ཆེན་ནམ། མཇུག་ཏུ་ཆོས་སྒོར་ཞུགས་ཤིང་རབ་ཏུ་བྱུང་བའི་མཚན་བྱམས་པ་ཀུན་དགའ་སངས་རྒྱས་བསྟན་པའི་རྒྱལ་མཚན་ཉིད་ཀྱི་གཙོ་བོར་མཛད། སྐལ་ལྡན་འགའ་ལ་བཞི་ཐོག་མཁའ་སྤྱོད་དུ་གནང་བ་འདི་ནི་ལམ་འབྲས་སློབ་བཤད་ཡིན་པར་གནང་ཞིང་། དབང་སོགས་ཀྱི་སྐབས་ས་ཕྱོགས་དེ་ཉིད་ནས་གསེར་སིལ་མའི་ཚོམས་སུ་བཀོད་དེ་ཕུལ་བར་གྲགས་པ་སོགས་བྱུང་འདུག དེ་རྗེས་ཁྲི་ཆེན་རྡོ་རྗེ་རིན་ཆེན། བདག་ཁྲི་ཀུན་བསོད་སྐུ་མཆེད། འདི་དག་གིས་ཆོས་སྡེ་ལྷོ་བྱང་ཆོས་ལྷུན་པ་ཁམས་པ་གྲྭ་རྒྱུན་