R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༥༦༥
[A:༥༦༥]སློབ་ལྔ་རིག་ཀུན་བཀྲས་དྲུང་། གཞུང་ཆེན་རྣམས་ལ་ཐོས་པ་མང་ཙམ་མཛད་ཚོད་ཀྱིས་གདན་ས་འདི་ཉིད་ཀྱི་གཞི་ལེན་རིག་བྱ་སོགས་ཀྱི་མཚན་ཉིད་རྩོད་པའི་གྲྭར་མ་བཞེངས་ཀྱང་སྐུ་སེང་སོགས་ཀྱི་འབེལ་གཏམ་དང་། འདིའི་ལན་དུ་འདི་ལྟར་བགྱིས་ཀྱི་བཀའ་སློབ་གནང་བ་རྣམས་ཀྱང་རྡོ་རྗེའི་ཚིག་ཁོ་ན་འོང་ཚུལ་གསུངས་འདུག་པ་དཔེར་མཚོན་ན། སྔ་དུས་སྡེ་དགེ་ས་སྤྱོད་ཚེ་དབང་རབ་བརྟན་སོགས་ནས། རྩ་ལྟུང་བཅུ་བཞིའི་གཞུང་འདི་ལ། སེམས་ཅན་ཀྱང་སེམས་ཅན་ཡིན་དགོས་པ། འདི་ལ་འབྲུ་སྣོན་དགོས་པ་འདུག་ཞུས་པར་སྐྱབས་རྗེ་ཉིད་ནས་འདི་རྣམས་ནི་ཁྱབ་བདག་རྡོ་རྗེ་འཆང་གི་གསུང་ཡིན་པས་ཁྱེད་རྣམས་རྒོལ་ན་རྡོ་རྗེ་འཆང་ལ་རྒོལ། འོན་ཀྱང་རྣམ་པར་ཕྱེ་ན། སེམས་ཅན་ལ་བྱམས་པ་སྤོང་བ་ནི་ཐེག་ཆེན་གྱི་རྩ་བ་ཡིན་པས་ལྟུང་བར་འགྱུར་བར་གསུངས་པ་སྤྱི་དང་། འོན་ཀྱང་གདུག་པ་ཅན་ལ་བྱམས་པ་སྤོང་བ་རྩ་ལྟུང་བཅུ་པར་གསུངས་པ་བྱེ་བྲག་དབྱེ་མ་ཤེས་པའི་གཏམ་མིན་ནམ། དེས་ན་ངོར་ཆེན་དཀོན་མཆོག་ལྷུན་གྲུབ་ཀྱི་གསུང་རབ་ལས་ཀྱང་། གདུག་ལ་བྱམས་པ་སྤོང་ཞེས་གང་གསུངས་པ། །ཕ་རོལ་ངན་སྤྱོད་བྱེད་ལས་བཟློག་ཕྱིར་ཏེ། །སྙིང་ནས་བྱམས་པ་སྤོང་བ་ཐེག་མཆོག་གི །རྩ་ལྟུང་བཞི་པར་རྒྱུད་གཞུང་ཀུན་ལས་གསུངས། །ཞེས་བཤད་པ་མ་ཡིན་ནམ་གསུངས་པས། སྡེ་དགེ་ས་དབང་མཁས་གྲུབ་ཆེན་པོ་དེ་སོགས་ནས། སྐྱབས་རྗེའི་གསུང་རྡོ་རྗེའི་ཚིག་རང་ཡིན་འདུག་གསུངས་ཤིང་ཐལ་མོ་སྤྱི་བོར་སྦྱོར་བ་མཛད་ཅིང་། གཞན་ཡང་དེ་དུས་ཀྱི་སྐུ་ཡོན་ཆེ་གྲས་དབུ་ཟུར་བླ་སྨོན་ལམ་བཟང་པོ། དབུ་ཟུར་གྲགས་རྣམ་དཔོན་སློབ་