R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༥༨༢
[A:༥༨༢]གོང་རྣམས་ནས་གསུང་ངག་དམར་པོ་སྐོར་གསུམ་དུར་བདག་རྣམས་ས་ཆེན་ཀུན་བློ་ལས་དང་། གུར་ཞལ་རྗེས་གནང་རིགས་ཕལ་ཆེར་ཀུན་བློ་ནས་རིན་ཆེན་རྒྱལ་མཚན་དེ་ལས་དང་། བེའུ་བུམ་རྣམས་རིན་རྒྱན་ཡན་འདྲ་བ་ལས། དེ་ནས་མངའ་བདག་བྱམས་པ་བསྟན་འཛིན་ལས་གསན་འདུག་རྣམ་སྲས་བརྒྱུད་པ་ཀུན་བློ་མ་བཞུགས་པས་རིན་རྒྱལ་ལས་གསན་འདུག གཞན་ཡང་སྤྱི་བཀའ་སྒྲུབ་ཐབས་རྒྱ་རྒྱམ་དང་། ཟུར་བཀའི་རྗེས་གནང་གོང་ཡབ་རྗེར་གསན་པ་རྣམས་ཀྱང་བསྐྱར་གསན་བཅས་དེང་སྐབས་སྒྲུབ་བཏུས་ན་བཞུགས་པ་ཕལ་ཆེ་བ་གསན་པར་གནང་། དབང་ཆེན་ཟུར་བཀའ་བདེ་མཆོག་ལུ་དྲིལ་ལུས་དཀྱིལ་སོགས་དང་། གསང་འདུས་རིགས་གསུམ་འཇིགས་བྱེད་རོ་ལངས་བརྒྱད་སྐོར་དགྲ་གདོང་སོགས་གསན་ཡོད་སྙམ་དང་། ཁྲོ་ཤུལ་བླ་མ་ངག་དབང་སྨིན་གྲོལ་རྒྱ་མཚོ་ལས་ཀློང་ཆེན་སྙིང་ཐིག་གི་སྐོར་དང་། སྟོབས་འཕྲོག་ཞལ་བཞི་པའི་རྣམ་འགྱུར་བཅུ་བདུན་གྱི་རྗེས་གནང་ཚང་མ་ཡང་བསྐྱར་གསན་པ་སོགས་ཡོངས་འཛིན་དམ་པ་རྣམས་ལས་དུས་སྔ་ཕྱི་གསན་པ་རྣམས་འདིར་སྡེབ་གཅིག་ཏུ་བཀོད་པ་རགས་ཙམ་དང་། དེ་ནས་རྩ་རྒྱུད་བརྟག་གཉིས་སོགས་གདན་ས་འདི་ཉིད་ན་ཞུས། ཀྱཻ་རྡོར་ཡབ་ཡུམ་གསང་བདེ་འཇིགས་གསུམ་ནཱ་རོ་མཁའ་སྤྱོད་མ་རྡོ་རྗེ་ཕུར་པ་ཆོས་སྐྱོང་གུར་ཞལ་རྣལ་འབྱོར་ཀུན་རིག་སོགས་ཀྱི་ཆོ་ག་ཕྱག་ལེན་དབྱངས་རོལ་གར་འཆམ་ཆོས་སྤྱོད་རྣམས་དང་བཅས་པ་གནས་སློབ་དྲུང་དུ་སྦྱངས་པ་མཐར་ཕྱིན་མཛད། དེ་རེ་རེ་བཞིན་ཡབ་རྗེ་རྡོ་རྗེ་འཆང་ལ་རྒྱུགས་སྤྲོད་འབུལ་བར་མཛད་དེ། རྩ་རྒྱུད་བརྟག་