R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༥༩༠
[A:༥༩༠]ཆེན་མོ་བསྐང་བ་རྒྱས་བསྡུས་གང་རུང་རེས་དང་བརྒྱད། བཅུ་བཞི། ཉེར་གསུམ། ཉེར་དྲུག་ནས་བཟུང་གནམ་གང་བར་ལ་དུས་གཏོར་རྣམས་ཡབ་མེས་གོང་མའི་ཕྱག་ལེན་བཞིན་མཛད་པ་དང་། ཟླ་རེ་བཞིན་ཡར་ངོ་མར་ངོ་ཚེས་བཅུ་གཉིས་ལ་གུ་རུ་དྲག་དམར་རམ་བྱང་གཏེར་ཚེས་བཅུ་གང་རིགས་གསོལ་འདེབས་ལེའུ་བདུན་མ་བཅས་མཛད་སྐད་ཐོས་པ་བཅས་གྲུབ་མཚན་བརྙེས་ཚུལ་གོང་འོག་གསེབ་ཚགས་རྣམས་སུ་ཅུང་ཟད་སོང་ཞིང་སྟོད་ཕྱོགས་རྣམས་སུ་གྲུབ་རྟགས་འཇོག་པ་འདི་ཞེས་གསལ་བར་མ་རྟོགས་ཤིང་མངོན་ཤེས་མངའ་ཚུལ་ཅུང་ཟད་གོ་ཐོས་བྱུང་བ་དཔེར་མཚོན་ན། དཔོན་སློབ་བཟོད་པ་ཕུན་ཚོགས་ནས་དཔལ་མགོན་ཞལ་བཞི་པའི་ཆོས་སྐོར་སྔོན་དུ་ཡོངས་རྫོགས་གསན་ཞིང་དེའི་མཇུག་ཙམ་ཞིག་ལ་གཞན་ཞིག་ལ་གནང་ཞོར་དུ་ཕུ་གསུམ་པ་ཁོ་རེ་མཇུག་མ་རྒོད་བྲོ་མོ་ཡོང་ངོ་ཚར་ཅིག་ཉོན་གསུངས་ནས། དབང་ཡོན་ཆེ་བ་འབུལ་རྒྱུ་མེད་ཀྱང་ཡང་བསྐྱར་ནན་གྱིས་གནང་བ་ནི་དུས་ཕྱིས་ཞལ་གྱི་ཆོས་སྐོར་དེ་ཉིད་སྲོག་ནས་ཟིན་ཏེ། གདུང་བརྒྱུད་རྣམས་དང་བུ་སློབ་བཅས་པར་གནང་འདུག་པ་ལས་དེང་སང་མ་ཆད་ཙམ་བྱུང་བ་མཁྱེན་པ་འདི་འདྲ་བ་མང་དུ་ཡོད་ཚོད་ཀྱང་མདོར་བསྡུས་དེ་ཙམ་བཅས། དེ་རྣམས་ཀྱི་རྣམ་ཐར་སྒྲོ་སྐུར་དང་བྲལ་བ་ཅུང་ཟད་བརྗོད་ཟིན་ནས། མཐར་མྱ་ངན་ལས་འདས་ཚུལ་ནི། ཉིད་ཀྱི་དགུང་གྲངས་དྲུག་ཅུ་རེ་གསུམ་དུ་ཕེབས་པ་མེ་ཕོ་འབྲུག་གི་ལོ་ཤར་བ་ན་སྤྱིར་དེ་སྐབས་ཤིང་ཡོས་གོར་བོད་ཟིང་གཞི་མཇུག་ཏུ་ཁེལ་བ་དང་། སྒོས་སུ་དུས་དབང་དམག་འཁྲུག་མ་