R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༥༩༡
[A:༥༩༡]ངེས་དུ་མ་བྱུང་བ་སོགས། སྐྱེས་བུ་དམ་པ་རྣམས་མི་བཞུགས་པའི་སྔ་ལྟས་སུ་དེ་བཞིན་འབྱུང་བར་གསུངས་པ་ལྟར། ཟླ་བ་དང་པོའི་ཚེས་བཅོ་ལྔ་ཉིན་དག་ཞིང་དུ་ཕེབས་རྒྱུའི་ཐོ་རངས་བདག་ཆེན་བཀྲ་ཤིས་རིན་ཆེན་ཉིད་ཀྱི་དག་སྣང་དུ་རྗེ་དེ་ཉིད་ཕོད་རྡོར་སོགས་གཟབ་མཆོར་དང་བཅས་ད་ལམ་ཀུན་དགའ་རིན་ཆེན་གྱི་གསོལ་འདེབས་འདི་བཞིན་ལོག་འདྲེན་ཆམ་འབེབས་སུ་རྩོམས་ཤིག་གསུངས་པ་བྱུང་བ་དང་། དུས་མཚུངས་ཞིང་བརྗེས་པའི་ཚུལ་བསྟན་པར་རྗེས་ཀྱི་དགོངས་རྫོགས་ཕུན་ཕོ་བླ་བྲང་ནས་རྒྱ་ཆེར་སྒྲུབ་པར་མཛད་དེ། ནང་རྟེན་དུ་ད་ལྟ་ལྷ་ཆེན་ཁྱམས་སྟོད་ཀྱི་བྱང་ངོས་ན་བཞུགས་པའི་རྒྱལ་ཡུམ་མྱུར་མཛད་ལྷ་མོའི་སྣང་བརྙན་རིན་ཆེན་གཉིས་པ་ལས་གྲུབ་པ་གསེར་ཟངས་ཀྱི་པད་གདན་རྒྱན་སྤྲོས་རིན་ཆེན་སྣ་ཚོགས་ཀྱི་ཕྲ་རྒྱན་ཅན་འདི་བཞིན་གསར་བཞེངས་ཀྱིས་མཆོད་རྒྱུན་བཅས། སྔ་དུས་རྟ་ཟླའི་ནང་ཀྱཻ་རྡོར་སྒྲུབ་མཆོད་ཉིན་ལྔ་ཟབ་ཚུགས་དུས་ཆེན་ཉིན་སྣ་ལྔའི་མཆོད་སྤྲིན་བརྒྱ་ཚར་མང་ཇ་བཞེས་ཐུག་ཚར་ར་ཞབས་བསྐོར་སྐབས་དགོས་པའི་བཟང་གོས་གཞི་གཅིག་གི་མཆོད་ཕྲེང་བཅུ་གཅིག་མཚན་པ་བཅས་པ་ཡུམ་སྲས་རྣམས་ནས་སྒྲུབ་པར་གནང་ངོ་། །དེ་རྣམས་ཀྱིས་ཡབ་རྗེ་ངག་དབང་ཀུན་དགའ་རིན་ཆེན་གྱི་རྣམ་ཐར་སྒྲོ་སྐུར་དང་བྲལ་བ་མདོ་ཙམ་སྨོས་ཟིན་ཏོ། ། ༦ དངོས་གྲུབ་དཔལ་འབར། རྒྱལ་ཡུམ་རང་བྱོན་མའི་སྲས་གསུམ་པ་ནི། རྗེ་བཙུན་སྐལ་བཟང་ཚུལ་