R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༥༩༣
[A:༥༩༣]ཕྱག་ལེན་གདངས་དབྱངས་རོལ་སོགས་ལ་བརྡར་ཤ་གཅོད་པར་མཛད་ཅིང་། ཉིད་ཀྱི་དགུང་གྲངས་བརྒྱད་དུ་ཕེབས་པའི་ཚེ། འཇམ་དབྱངས་བླ་མའི་ཆོས་ཁྲི་མཁས་པ་ཟིལ་གནོན་དུ་གྲགས་པར་ཡབ་རྗེ་མཆོག་ནས་གཅེན་པོ་གདུང་སྲས་ཟུང་དང་ལྷན་དུ་ཁྲི་འདོན་མཛད་ཚུལ་གོང་གཅེན་པོ་པདྨ་བདུད་འདུལ་དབང་ཕྱུག་གི་རྣམ་ཐར་སྐབས་རྒྱས་པར་སྨྲོས་པ་བཞིན་དང་། དེ་མཚམས་ནས་གསན་སྦྱངས་འཕྲོ་རྣམས་མཛད་ཐོག་ཡབ་རྗེ་རྡོ་རྗེ་འཆང་སོགས་དམ་པ་འགའ་ཞིག་ལ་ས་སྐྱ་པའི་ཡབ་ཆོས་དབང་ལུང་སོགས་གསན་པའི་ཚུལ་ཡང་ཕལ་ཆེར་གོང་གཅེན་པོ་སྐུ་མཆེད་ཀྱིས་གསན་པ་ཕལ་ཆེ་བ་འདི་ཉིད་ཀྱིས་གསན་ཏེ་ཐོས་བསམ་མཐར་ཕྱིན་པར་མཛད་པ་དང་། སྒོམ་སྒྲུབ་མཛད་ཚུལ་ཡང་སྙིང་པོ་ཀྱཻ་རྡོ་རྗེ། ཕུར་པ་གུར་མགོན་བྲག་རྫོང་མ། ཉང་གཏེར་གུ་རུ་དྲག་དམར་རྣམས་ཀྱི་དུས་གྲངས་མཚན་མའི་བསྙེན་པ་ཁ་སྐོང་སྦྱིན་སྲེག་དང་བཅས་པ་མཐར་ཕྱིན་པར་མཛད་པ་དང་། རྗེ་ཉིད་དགུང་གྲངས་བཅུ་གཉིས་སུ་ཕེབས་པའི་ཚེ་ཡབ་རྗེ་རྡོ་རྗེ་འཆང་ཉིད་འདུལ་བྱ་རྟག་འཛིན་ཅན་རྣམས་ཆོས་ལ་སྐུལ་ཕྱིར་དུ་ཡོངས་སུ་མྱ་ངན་ལས་འདས་པའི་ཚུལ་བསྟན་པ་ཡུམ་སྲས་རྣམས་དང་། ས་གཞུང་བཅས་ནས་དགོངས་རྫོགས་ཇི་ལྟར་སྒྲུབ་ཚུལ་རྣམས་གོང་དུ་གླེང་བ་བཞིན་དང་། དེ་ནས་རྗེ་ཉིད་དང་རྒྱལ་ཡུམ་རང་བྱོན་མ་བགྲེས་པ་སྐལ་བཟང་བདེ་སྐྱིད་བུ་ཁྲིད་དང་སྐུ་མཆེད་རྗེ་བཙུན་མ་སྐལ་ཚུལ་མར་གྲགས་པ་བཅས་ཕུན་བདེར་གཏན་བཞུགས་མཛད་ཐོག་ཡུམ་སྲས་རྣམས་ཀྱི་དྲུང་སྔོན་ལ་ཞལ་ཇ་བཅུ་གསུམ་དུ་གྲགས་པའི་ཇ་