R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༦༠༡
[A:༦༠༡]རྡུལ་དུ་བརླགས་ཏེ། སེམས་རྒྱུད་བྱང་ཆུབ་ཀྱི་ལམ་དུ་བཀྲི་བར་མཛད་པར་ལས་རིམ་དུ་གྲགས་པ་རྣམས་སླ་བཅོས་དང་བབས་ཅོལ་མ་ཡིན་པར་ཕྱག་ལེན་རྣམ་པར་དག་ཅིང་། དེ་དང་དེ་ལ་དགོས་པའི་དམིགས་རིམ་རྣམས་མ་འཁྲུལ་ཞིང་དངོས་གཞི་དམིགས་མེད་བྱང་ཆུབ་སེམས་ཀྱི་རྒྱས་ཐེབ་པའི་འཛིན་མེད་ཀྱི་ལྟ་བའི་ངང་དུ་ཡུན་རིང་དུ་འཇོག་པ། རྒྱལ་བས་རྒྱུད་སྡེ་རིན་པོ་ཆེ་རྣམས་ནས་ཇི་ལྟར་གསུངས་པ་རྣམས་མ་འཁྲུལ་བར་མཛད་རྟགས་སུ་ལས་རིམ་རྗེས་ཙམ་ཞིག་ལ། ཡབ་རྗེ་གཅེན་པོ་པདྨའི་མཚན་འཆང་ཉིད་ཀྱིས་འདི་ལོའི་ལས་རིམ་པ་གཡག་དཔོན་གསོད་རྒྱལ་ཞེས་པ་ནད་མནར་གྱི་ཚབ་ཏུ་སྐུ་རིམ་ཆེན་མོའི་ཟོར་ལས་པ་ངེད་གཉིས་ནུས་པ་འགྲན་པ་ཡིན་གསུངས་ཏེ། ཕུར་བཟློག་འཕར་མའི་སློབ་དཔོན་འདི་ཉིད་ནས་གནང་སྟེ་ཀུན་རར་དགྲ་ལིང་ལ་འགུགས་གཞུག་མཛད་སྐབས། ཨེ་རམ་ཨེ་རམ་སོགས་གསུང་ཐོས་པ་ཙམ་གྱིས་དེ་ན་ཡོད་པའི་ཆོག་གྲ་ཞབས་འབྲིང་པ་སོགས་ཚང་མ་འཇིགས་ཤིང་སྐྲག་ནས་ཀུན་གྱི་བཞིན་རས་ལྟ་མི་བཟོད་པ་དང་། འགུགས་གཞུག་གསུམ་པོ་རེ་རེའི་མཇུག་ཏུ་མཆིས་པར་གྱུར་ཅིག་གསུངས་པ་དང་བསྟུན། ཕྱོགས་བཅུ་ནས་རླུང་ནག་འཚུབ་ཅིང་དགྲ་བགེགས་ཀྱི་ལིང་སྟེང་འཁྱིལ་བ་དང་ཆབས་ཅིག་རྗེ་ཉིད་ཀྱི་སྐུ་ཚད་ཀྱང་ཆེ་ཆེར་འཕགས་པ་སོགས། ཚང་མས་དེ་རིང་དེ་འདྲའི་སྐུའི་གཟི་མདངས་གང་ཡིན་འགྲོ་འམ་ཟེར་བ་བྱུང་བ་སོགས་དང་། གཞན་སྒྲུབ་མཆོད་དང་ལས་རིམ་སོགས་ཀྱི་རྡོར་སློབ་གནང་སྐབས་སོགས་ལ་ཡང་འདིའི་མཚོན་ཏེ་ཤེས་པར་བྱ་བ་ལས་འདིར་ཡི་