R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༦༠༣
[A:༦༠༣]ལྔའི་ཆར་བབས་ཚུལ་གྲུབ་མཚན་ཀྱང་མང་དུ་འཇོག་པར་མཛད་ཚུལ་དང་། རྒྱུན་པར་ཐུགས་དམ་ཉམས་བཞེས་ཀྱི་གཙོ་བོ་ས་སྐྱ་པའི་ཐུགས་དམ་ཆག་མེད་བཞིར་གྲགས་པར། བིར་སྲུང་ལམ་ཟབ། ལམ་དུས་བཅས་ཐུན་གཉིས་རེ་དང་དེ་སྟེང་བདེ་མཆོག་དྲིལ་བུ་ལུས་དཀྱིལ་ལམ་ནཱ་རོ་མཁའ་སྤྱོད་ཀྱི་ཉམས་བཞེས་གང་རུང་བསྣན་པས་བཞིར་གྲགས་པ་བཞིན་དང་། དེ་སྟེང་ཚེ་སྒྲུབ་རིགས་དང་གསུང་གཏོར་བརྒྱ་རྩའམ་དཀར་ཆ་བཞི་གང་རིགས། སྲུང་འཁོར་བྲག་རྫོང་མ། དགོངས་ཕྱོགས་ཕུར་ཆུང་གཏོར་བསྔོ་བསྐང་བ་རྒྱས་བསྡུས་གང་རིགས་བཅས་ཆག་མེད་གནང་ཞིང་ཟླ་རེ་བཞིན་གྱི་བརྒྱད། བཅུ་བཞི། ཉེར་གསུམ། ཉེར་དྲུག་ནས་གནམ་གང་བར་བཅས་དུས་གཏོར་རྣམས་དང་བཅས་ཞིང་མ་བརྗེས་བར་དུ་ཆག་མེད་གནང་བར་མཛད་ཅིང་། བར་སྐབས་རྣམས་སུ་གདུལ་བྱ་རྣམས་ཀྱི་སྐལ་བ་དང་བསྟུན་གོང་སྨོས་གསུང་ཆོས་རྣམས་སྩོལ་བར་མཛད་ཅིང་། དེ་ལྟ་བའི་བདག་ཉིད་ཆེན་པོ་དེ་ཉིད་ཀྱི་གསུངས་ལས་སྐྱེས་པའི་སློབ་ཚོགས་ཀྱང་མང་དུ་བསྐྲུན་པར་མཛད། ཀུན་གྱི་མཆོག་ནི་འཁོན་སྟོན་གྲུབ་པའི་དབང་ཕྱུག་ངག་དབང་རྡོ་རྗེ་རིན་ཆེན། ངག་དབང་ཀུན་དགའ་ཐེག་ཆེན་དབང་སྡུད་བཀྲ་ཤིས་རིན་ཆེན་ཟུང་དང་། དེ་སྐབས་ཀྱི་ཡུམ་དང་། རྗེ་བཙུན་རྣམས་དང་། ངོར་གྱི་མཁན་ཞལ་ཕལ་ཆེ་བ་དཔལ་ཞྭ་ལུའི་རི་ཕུག་སྤྲུལ་སྐུ་མཁས་གྲུབ་འགྲན་བྲལ་རྗེ་ཉིད་ཀྱི་རྣམ་ཐར་གསོལ་འདེབས་མཛད་པོ་བྱམས་པ་བློ་གསལ་བསྟན་སྐྱོང་སྡེ་དགེའི་ས་དབང་བླ་མ་ཀུན་དགའ་སངས་རྒྱས་བསྟན་པའི་རྒྱལ་མཚན་སོགས་ཐ་དད་ན་བཞུགས་པ་རྣམས་