R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༦༠༦
[A:༦༠༦]༨ ངག་དབང་རྡོ་རྗེ་རིན་ཆེན། རྒྱལ་ཡུམ་དམ་ཚིག་སྒྲོལ་མའི་སྲས་ཆུང་བ་ནི། རྗེ་བཙུན་ཨ་བི་ད་ལའམ་མཚན་དངོས་པདྨ་འཕྲིན་ལས་སུ་གྲགས་པ་སྟེ་སྐུ་མཆེད་བྱོན་པ་རྣམས་སྲས་ཡུམ་རྗེ་བཙུན་མ་བཅས་བཀྲས་བརྩེགས་བླ་བྲང་དུ་བཞུགས་ཤིང་། འཇམ་མགོན་དབང་སྡུད་སྙིང་པོ་ཉིད་ཀྱི་རིགས་སྲས་བགྲེས་པ་པདྨ་བདུད་འདུལ་དབང་ཕྱུག་དང་། ངག་དབང་ཀུན་དགའ་རིན་ཆེན་ཟུང་གི་བདག་མོ་རིག་འཛིན་སྙིང་རི་བསྐལ་བཟང་པདྨ་བུ་ཁྲིད་ཀྱི་རིགས་སྲས་གསུམ་པ་མེ་བྱི་ལོ་རྗེ་བཙུན་མཆོག་གསུམ་བསྟན་པའི་སྒྲོན་མེ་ཞེས་པ་འཇུག་ཞལ་གྲོ་ལྷ་ཁང་གི་ནུབ་ངོས་སུ་བཞུགས་པ་དེ་ཉིད་རིགས་སྲས་གསུམ་པ་འཁོན་སྟོན་ངག་དབང་རྡོ་རྗེ་རིན་ཆེན་དཔལ་བཟང་པོ་ཉིད། དེ་ཡང་མྱོས་ལྡན་ཞེས་པ་ས་མོ་ཡོས་ལོའི་ཟླ་ཚེས་ལ་སྐུ་བལྟམས་ཤིང་། ཡབ་ཡུམ་ནས་མཚན་ངག་དབང་རྡོ་རྗེ་རིན་ཆེན་དུ་གསོལ་ཏེ། འཁྲུངས་བསངས་དང་། འཁྲུངས་སྟོན་སོགས་ཀྱང་རྒྱས་པར་མཛད་ཅེས་གྲགས་ཤིང་། དགུང་གྲངས་དྲུག་བདུན་ཙམ་ལ་སྐུ་མཆེད་གཉིས་ཆར་ལ་གནས་སློབ་བློ་གྲོས་རྒྱ་མཚོ་ནས་ཡོན་ཏན་གྱི་ཕྱི་མོ་ཀློག་སོགས་དང་། རིམ་བཞིན་ཆོས་སྤྱོད་རབ་གསལ་བརྒྱུད་འདེབས་ཆེན་མོ། རྩ་རྒྱུད་བརྟག་གཉིས་སོགས་ཕུལ་ཏེ། ཡབ་རྗེ་བདག་ཆེན་མཆོག་གི་དབུས་ཆོས་བྱང་ལས་ཚན་བཅས་པར་རྒྱུགས་འབུལ་སོགས་སྔོན་བྱོན་གོང་མའི་བཞེད་སྲོལ་ཉམས་མེད་མཛད་རྗེས། རྒྱུད་འདེབས་ཚོགས་དབུར་ཕེབས་ཏེ། སྔོན་ལམ་ཞལ་བཞེས་སོགས་