R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༦༤༤
[A:༦༤༤]རིམ་ཆེན་མོར་གྲགས་པའི་ཕུར་བཟློག མགོན་མདོས་ཟབ་མ། མདོས་སྡེ་ཟབ་མ། ཞལ་བཞི་བའི་རྟེན་མདོས་ཟུང་འབྲེལ། རྒྱལ་ཆེན་བསེ་ཁྲབ་པ། ཕུན་ཕོ་དང་བསམ་བརླིང་དུ་དམག་ཟོར་གཏོར་བཟློག་སོགས་སོ་སོའི་བསྙེན་སྒྲུབ་ཁ་གསོའི་ཟོར་འཛིན་གྱི་རིམ་པ་དང༌། ལྷ་མོ་རྗེ་ཁོལ་གྱི་མཆོད་མདོས། གཉན་མགོན་ཞལ་བཞི་བའི་དམ་ཚིག་བསྐང་གསོ་སོགས་རྡོ་རྗེ་སློབ་དཔོན་གྱི་མགོན་བཞེས་རྣམས་རིམ་པར་གྲུབ་ནས། རིང་པོ་མ་འགོར་བར་ཡབ་རྗེ་རྡོ་རྗེ་འཆང་དག་ཞིང་དུ་ཕེབས་ནས། དགོངས་རྫོགས་སོགས་མཛད་སྒོ་རྣམས་གོང་བཞིན་བསྒྲུབས་ནས། སྟོད་ཕེབས་ཐོག་མར་གནང་སྐབས་ཙམ་ལ་ཡིན་ནམ། མཚོ་སྒོར་དྲག་པོའི་སྦྱིན་སྲེག་མཛད་པས་འདྲེ་སྲིན་གནས་ཁར་ལ་གནམ་ལྕགས་ཀྱི་ཐོག་དབབ་པ་དང༌། གཏོར་ཞབས་ལས་བདུད་རྩི་ཟིལ་པ་ལ་སོགས་པ་བྱུང་གླེང་དང༌། དེ་ནས་གདན་སར་ཕེབས་ནས་ཁྲི་ཕེབས་ཆེན་མོའི་མདོས་ཟབ་དང༌། ཤིང་སྤྲེལ་རྟ་ཟླའི་ནང་ཡབ་རྗེ་རྡོ་རྗེ་འཆང་སྐུ་མཆེད། འཇམ་དབང་སྐུ་མཆེད། དམ་པའི་རིགས་སུ་སྐྱེས་ཀྱང་ཡོན་ཏན་གྱི་དྲི་མས་དབེན་པར་ངོས་རང་བཅས་ལྔ་སྡེབས་གཅིག་ཏུ་འཇམ་དབྱངས་ས་སྐྱ་པཎྜི་ཏའི་ཆོས་ཁྲི་མཁས་པ་ཟིལ་གནོན་ནམ། འཁོར་ལོ་གསུམ་ལྡན་ནམ། ཐང་མོ་ཆེར་གྲགས་པར་མཚན་མཆོག་གསུམ་ལྡན་གྱི་གསེར་ཁྲིར་མངའ་གསོལ་ཚུལ་རྣམས་འོག་ཡབ་རྗེ་ཀུན་དགའ་སྙིང་པོའི་རྣམ་ཐར་ལོ་རྒྱུས་སུ་གསལ་བ་བཞིན་དང༌། དེ་ནས་ཕུར་སྒྲུབ་སློབ་དཔོན་ཐོག་མ་དང༌། དེ་རྗེས་སུ་ལན་ཁ་ཤས་གནང་ཞིང༌། དུས་མདོས་