R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༦༥༤
[A:༦༥༤]ཅག་གི་སྙིང་གི་གདུང་སེལ་མཆོག །ཕ་དབང་གི་མཚན་འཆང་སླར་བྱོན་པ། །བུ་མཆོག་ནི་བཀྲ་ཤིས་རིན་ཆེན་དང༌། ཞེས་སོགས་དང༌། གཞན་ཡང་འོག་ཏུ་འབྱུང་བ་བཞིན་ལྷ་དང་བླ་མ་རྣམས་ཀྱི་ལུང་གིས་ཡང་ཡང་བསྔགས་པའི་ཕྱིར་ན། དབང་སྡུད་སྙིང་པོའི་རྣམ་ཐར་ཞལ་གསུང་མ་ལས། པདྨ་འབྱུང་གནས་འཕེན་ཤུགས་མ་རྫོགས་པས། ད་ལྟ་ལྷ་འདྲེ་མི་གསུམ་བྱམས་པ་འབྱུང༌། ཞེས་གསུངས་པས། རྒྱལ་དབང་པདྨ་ཀ་རའི་རྣམ་འཕྲུལ་དུ་ངེས་པས་སྔོན་གྱི་དུས་ནའང་བོད་ལ་བཀའ་དྲིན་ཆེ་བའི་མཆོག་ཏུ་གྱུར་པ་དང༌། འཇམ་མགོན་དབང་སྡུད་སྙིང་པོ་ཞིང་བརྗེ་ཉེའི་དུས་ཤིག་དབྱར་དགུན་ཆོས་ཐོག་རྒྱུགས་འབུལ་བ་རྣམས་ལ་བདག་རྐྱེན་དུ་དབང་ཞིག་སྩོལ་བའི་ཕྱག་རྒྱུན་བཞུགས་པ་ལས། རྣམ་འདྲེན་དམ་པ་འདིའི་ཡོངས་འཛིན་དཔོན་སློབ་ཆོས་གྲགས་པ་ཉིད་སྐུ་གཞོན་ནུའི་དུས། དེང་སང་བསྒྲིགས་པའི་རྒྱུགས་སྤྲོད་དུ་གྲགས་པ་འདི་ཉིད་རྒྱུགས་འབུལ་མཛད་སྐབས། དབང་དེ་ཉིད་འཇམ་མགོན་དབང་གི་མཚན་ཅན་ནས་སྤྱན་གསལ་གྱིས་སྩོལ་སྐབས་རྒྱུགས་འབུལ་བ་གཞན་དག་རྣམས་ལ་ཚེ་རིལ་མཆོད་དཔོན་ནས་བཀྱེ་པའི་མུ་ནས། དཔོན་སློབ་དེ་ཉིད་ལ་གནང་བའི་ཚེ་འཇམ་མགོན་དེ་ཉིད་རང་ནས་བཞེས་ཏེ། ཕྱག་སྤར་གང་བསྩལ་བ་དང་ཆབས་ཅིག་ང་ཡི་དགེ་རྒན་བྱེད་དགོས་གསུངས་པའི་ཚེ། དཔོན་སློབ་དེ་ཉིད་སྐུ་ན་གཞོན་པའི་སྟབས་ཀྱིས། ཅི་གསུང་རྒྱུ་ཡིན་ནམ་སྙམ་པའི་ངང་ནས་ཞག་དུ་མའི་བར་འཇིགས་ཆུམ་མེ་བ་ཞིག་བྱུང༌། དེང་སང་བརྟགས་ན་གདུང་སྲས་རིན་པོ་