R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༦༧༦
[A:༦༧༦]གྱི་སློབ་དཔོན་མང་དུ་གནང་བ་དང༌། ཆུ་བྱི་ལོ་མཇུག་ཡབ་རྗེ་རྡོ་རྗེ་འཆང་པདྨའི་མཚན་ཅན་ཉིད་ཅུང་ཟད་སྐུ་སྙུང་ཚུལ་བཞེས་པར། ཞབས་རིམ་མང་དུ་སྒྲུབ་པར་མཛད་དེ། ཞབས་བརྟན་རྡོ་རྗེའི་རེ་ཁ་དང་བཅས་ཞབས་པད་ཡུན་བརྟན་གྱི་གསོལ་བཏབ་མཛད་པ་ལོ་གཅིག་ཞལ་བཞེས་མཛད་ཅིང༌། ཕྱི་ལོ་ཆུ་གླང་ཡོངས་གྲགས་ཀྱི་དགུང་གྲངས་རེ་གཉིས་དང་ནག་རྩིས་པའི་ལུགས་ལྟར་ན་རེ་གསུམ་དུ་ཕེབས་པ་ཤིང་སྟག་འགོ་ཟླའི་ཉེར་གཉིས་ལ་དག་ཞིང་དུ་གཤེགས་པ་དགོངས་རྫོགས་མཛད་ཚུལ་རྣམས་གོང་ཡབ་རྗེ་མཆོག་གི་ལོ་རྒྱུས་རྣམ་ཐར་བཞིན་ནོ། །དེ་ནས་ཤིང་ཡོས་ལོར་གོར་བོད་སྡེ་གཟར་བྱུང་ཞིང༌། འདི་ཕྱོགས་བོད་དམག་ཡར་བསྐྱོད་རྣམས་ཀྱི་དམག་ལམ་ཁེལ་བ་དང༌། རང་ཞབས་རྣམས་ལ་འདོན་དམག་རྩམ་སྐྱེལ་སོགས་དུ་མ་གལ་བ། བདག་ཉིད་ཆེན་པོ་ཉིད་ནས་ཆོས་སྲུང་རྣམས་ལ་བསྐང་འཕྲིན་དམག་བཟློག་སོགས་མང་དུ་གནང་བས་རིང་མིན་ནས་བལ་བོད་གཉིས་ཆིངས་དོན་ལེགས་འགྲིག་གིས། མངའ་ཞབས་སོགས་འགྲོ་བ་རྣམས་ངན་འགྲོའི་དུ་ཁཿལས་ཐར་བ་ལྟ་བུར་གྱུར་ཏོ། །ལོ་སྔ་ཕྱི་འདི་རྣམས་སུ་བདག་ཅག་གི་སྟོན་པ་གྲོང་ཁྱེར་སེར་སྐྱར་གཤེགས་པ་ན་རྒྱལ་པོ་ཟས་གཙང་གི་མངའ་འབངས་རྣམས་ལ་གྲ་ཁྲལ་བཅས་པ་ལྟར། བདག་ཉིད་ཆེན་པོ་འདིས་ཀྱང་མངའ་ཞབས་རིགས་རུས་གཙང་ལྡན་རྣམས་རབ་ཏུ་བྱུང་སྟེ་སྐལ་ལྡན་གྱི་གདུལ་བྱ་རྣམས་ངེས་འབྱུང་གི་འབྱོར་པ་དང་ལྡན་པར་མཛད་པ་དང༌། མདོ་སྔགས་སོ་སོའི་ཉམས་ལེན་