R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༦༩༨
[A:༦༩༨]པའི་ཆ་ཤས་ཅུང་ཟད་བཤད་ཟིན་ཏོ། ། དེ་ཉིད་དང་ཡབ་ཡུམ་གཅིག་པའི་ཨ་ལྕེ་དྲུང་རྗེ་བཙུན་སྐལ་བཟང་ཆོས་ཀྱི་ཉི་མ་ནི་རྗེས་སུ་ཞབས་བྱང་དུ་བཞུགས་ཤིང་ཐུགས་དམ་ཁོ་ན་ལ་བརྩོན་པ་རྣམ་སྲས་སོགས་ཀྱི་ཆོས་སྐོར་འགའ་ཞིག་འཆད་སྤེལ་མཛད་པ་པོ་དེ་ཉིད་དང༌། སྲིང་མོ་བགྲེས་པ་ཀུན་བསོད་བསྟན་པའི་ཉི་མ་ཞེས་ཡོངས་གྲགས་སུ་བཙུན་མོ་སྤེལ་དུ་བཞུགས་པའི་བཙུན་མོའི་རྗེ་བཙུན་དུ་གྲགས་པ་དེ་དང༌། སྲིང་མོ་ཆུང་བ་རྗེས་སུ་ཞབས་ལྷོར་བཞུགས་པའི་མཆོག་གསུམ་འཕྲིན་ལས་དབང་མོ་ཞེས་པ་དེ་ཉིད་དང༌། སྐུ་མཆེད་ཆུང་ཤོས་སྒྲོལ་སྟེང་དུ་བཞུགས་པ་འཆི་མེད་དཔལ་གྱི་དབང་མོའམ། ཡོངས་གྲགས་སུ་བླ་མ་དཔལ་ལ་ཞུ་བ་བགྲེས་མོ་དེ་ཉིད་བཅས་འདི་དག་ཀྱང་རྒྱུན་གཏན་སྦས་པའི་རྣལ་འབྱོར་མས་བཞུགས་ཏེ་ལམ་དུས་ལམ་ཟབ་སྒྲོལ་ཆོག བྲག་རྫོང་མ་གུར་དྲག་སོགས་དང༌། ཕུར་ཆུང་གཏོར་བསྔོ་བསྐང་བ་ཐུགས་དམ་མ་བཅས་ཆག་མེད་མཛད་པ་ཁོ་ནས་ཀྱང་དངོས་སུ་མཐོང་བ་བཅས་ཐུགས་དམ་ལ་བརྩོན་ཞིང༌། སྐུ་སྒེར་གྱི་ཕྱག་རྫས་ཕྲན་ཡོད་དག་ཀྱང་གང་གི་ཡབ་ཡུམ་རྣམས་ཀྱི་དགོངས་རྫོགས་ཀྱིས་མཚོན་རྣམ་དཀར་ཁོ་ནར་འབྱོར་གཏོང་མཛད་པ་སོགས་དམ་པའི་ངང་ཚུལ་ཁོ་ན་ལྷུར་བཞེས་མཛད་དོ། ། ༢ ཀུན་དགའ་སྙིང་པོ། དེ་ལྟ་བུའི་བདག་ཆེན་མངྒའི་མཚན་ཅན་དེ་ཉིད་ཀྱི་རིགས་བདག་ཡབ་