R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༧༠༥
[A:༧༠༥]བཞི་ལྔ་ཙམ་ལ་ཡབ་རྗེ་རྡོ་རྗེ་འཆང་ནས་སྐུ་ཚེ་འདིར་ཕུང་ཁམས་སྐྱེ་མཆེད་སོགས་གསར་དུ་བརྙེས་པའི་ཚུལ་བསྟན་པ་རྣམས། ལྷའི་ངོ་བོར་གདོད་མ་ནས་གནས་པ་གསལ་བཏབ་པ་སོགས་རྒྱུད་མ་སྨིན་པ་ཡོངས་སུ་སྨིན་པར་བྱེད་པའི་ཐོག་མར་བླ་ན་མེད་པའི་གཉིས་མེད་རྒྱུད་དཔལ་ཀྱཻ་རྡོ་རྗེ་དང༌། མ་རྒྱུད་བཛྲ་ཀི་ལ་ཡ་སོགས་ཀྱི་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་འཇུག་པར་མཛད་དེ། ཟབ་གསལ་གཉིས་མེད་ཀྱི་དབང་གིས་སྨིན་པར་མཛད་པ་དང༌། འཇམ་མགོན་ས་པཎ་གྱི་ཐུགས་དམ་གྱི་རྟེན་འཇམ་དབྱངས་རྩོད་རྒྱལ་མ་སོགས་ཀྱི་དྲུང་དུ་མཆོད་ཚོགས་དང་བཅས། ཡབ་རྗེ་མཆོག་ནས་འཇམ་དབྱངས་སྨྲ་སེང་གི་རྗེས་གནང་བསྩལ་ཏེ། ཐུ་མི་སམ་བྷོ་ཊས། བསླབ་པ་ཀུན་གྱི་གཞི་འཛིན་ཅིང༌། །རིག་བྱེད་སྨྲ་བ་རྣམས་ཀྱི་རྒྱུ། །མིང་ཚིག་བརྗོད་པ་ཀུན་གྱི་གཞི། །ཡི་གེའི་སྦྱོར་བ་བཤད་པར་བྱ། །ཞེས་གསུངས་པ་ལྟར། ཡོན་ཏན་གྱི་ཕྱི་མོ་གསེར་བྲིས་གོང་མ་རིམ་བྱོན་གྱི་ཕྱག་དཔེ་དེ་ཉིད་ལ་བརྡ་སྤྲོད་པར་མཛད་པ་ཙམ་གྱིས་དགོངས་ཤིང༌། དེ་ནས་ཡོངས་འཛིན་དམིགས་སྨན་གྲོང་པའི་དྲུང་རམས་པ་གྲགས་པ་རབ་རྒྱས་བསྐོ་བཞག་བསྩལ་ཏེ་རིམ་བཞིན་ཆོས་སྤྱོད་རབ་གསལ། རྒྱུད་འདེབས་ཆེན་མོ། རྩ་རྒྱུད་བརྟག་གཉིས་སོགས་ཐུགས་འཛིན་རིམ་པར་མཛད་ཐོག དགུང་གྲངས་བདུན་ཙམ་ལ་ཡབ་རྗེ་མཆོག་དང་ཆོས་བྱང་ལས་ཚན་རྣམས་ཀྱི་སར་བརྟག་གཉིས་རྒྱུགས་འབུལ་གནང་སྟེ། སྔར་ལམ་བཞིན་རྒྱུད་འདོན་ཟབ་མའི་ཚོགས་དབུར་ཕེབས་ཤིང༌། དེ་ནས་དགྱེས་རྡོར་དང་རྡོ་རྗེ་ཕུར་པ། བདེ་གསང་འཇིགས་