R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༧༡༣
[A:༧༡༣]ཐོག ནང་གསོ་གྲོ་ནས་ཞབས་ལྷོར་ཕེབས་པར། དེ་སྐབས་སྙུང་གཞི་གང་ཡང་མེད་ཚོད་འདུག་ཀྱང༌། རྒྱུན་གཏན་ཀྱང་གནང་བའི་ཞབས་རིམ་ལྟ་བུའི་མཁའ་འགྲོ་བསུན་བཟློག་ཞིག་ཡོད་སྐད་འདུག་པ་བུད་མེད་རྣམས་ཆས་གོས་གྱོན་ཏེ། སྐུ་བཅར་སོགས་ཞུས་ཟིན་ནས་ཐོག་ཁར་ཕེབས་ཏེ། དེ་ཉིན་གྱི་མཁའ་འགྲོ་མ་དེ་རྣམས་གང་ཡིན། མི་ཚོ་མཁའ་འགྲོའི་གར་འཆམ་ཞེས་འདི་འདྲ་རྒྱག་པ་རེད་ཞེས་སྐུ་འཆམ་ཡང་མང་གནང་གི་མཐར་ཞབས་ལྷམ་འཇའ་ཆེན་ཕུད་དེ་དབྱུག་གནང་གིས་དེ་ཡང་མི་དགོས་དགོས་ཆ་བགྱིས་སོགས་གསུངས་ནས་གཟིམ་ཆུང་དུ་ཕེབས་ཏེ། སྐུ་བཅར་གསོལ་གཟིམ་སོགས་ལའང་དེ་ཉིན་དལ་བོར་སྡོད་སླར་མི་ཤེས་གསུངས་པ་སོགས་དང༌། དེའི་སང་ཧོར་ཟླ་བཅུ་པའི་ཉེར་གཅིག་ལ། དབུ་ཅུང་ཟད་སྙུང་ཚུལ་གསུངས་ཏེ་རྡོར་སེམས་བསྒོམ་བཟླས་སོགས་ཐུགས་དམ་ལ་བཞུགས་མུར། འདི་སྣང་གི་གསུང་འཕྲོས་གང་ཡང་མ་གནང་བར་ཉི་ཟླའི་རླུང་དྷུ་ཏིར་སྡུད་པ་སོགས་མཛད་ནས། འདའ་ཁ་མའི་རྣལ་འབྱོར་ཟབ་མོས་དགོངས་པ་ཆོས་དབྱིངས་སུ་གཟིགས་པར། དེ་འཕྲལ་རིགས་མྱུག་ཞབས་འབྲིང་པ་རྣམས་ཅི་བྱ་བྲལ་བའི་མྱ་ངན་གྱིས་ནོན་ཀྱང༌། ཡབ་རྗེ་ཉིད་བཅད་རྒྱར་བཞུགས་པར་ཞག་ཤས་ཞུ་མ་ནུས་ཤིང༌། དེའི་སང་ཉིན་ཐོ་རངས་ཁར་ཡབ་རྗེ་ཉིད་ཐུགས་དམ་ལ་བཞུགས་པའི་གཟིགས་སྣང་དུ། གོང་གི་ཡབ་རྗེ་རྡོ་རྗེ་འཆང་དེ་ཉིད་རུས་པའི་རྒྱན་དྲུག་དང་སྟག་ཤམ་སོགས་ཧེ་རུ་ཀའི་ཆས་ཅན། ཕྱག་ན་རྡོ་རྗེ་དང་ཐོད་པ་བསྣམས་པ་ཞིག་དངོས་སུ་མདུན་མཁར་ཡུན་རིང་གཟིགས་