R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༧༨༠
[A:༧༨༠]ལ་བཞོན་པའི་དཔེ་བཞིན་སྒྲོལ་ཕུག་བླ་མའི་ཡང་སྲིད་སོགས་ངོས་འཛིན་གནང་བ་འགལ་བར་མི་སེམས་ཏེ། སངས་རྒྱས་རྣམས་ནི་དབང་བཅུ་དང་སྤྲུལ་བསྒྱུར་ལ་མངའ་བརྙེས་པའི་ཕྱིར། འཇིག་རྟེན་ཁམས་ལ་ལར་སངས་རྒྱས་པ་དང༌། འགའ་ཞིག་ཏུ་ཆོས་འཁོར་བསྐོར་བ་དང༌། ལ་ལར་བལྟམས་པ་ལ་སོགས་པ་དུས་གཅིག་ཏུ་མཛད་པ་ཡིན་ཏེ། ཡང་དག་སྦྱོར་བའི་རྒྱུད་ལས། གར་མཁན་དག་ཏུ་རི་མོ་བཟང་ལྟར་སྣང༌། །གང་དུ་སྤྲུལ་པ་ཞེས་ཀྱི་སངས་རྒྱས་ཉིད། །གཅིག་པུ་ཉིད་ནི་དུ་མ་གར་མཛད་དོ། །ཞེས་གསུངས་པ་ལྟར་རོ། །དེ་ནས་དགོན་པ་རྩིས་བཞེས་ཁྲི་སྟོན་སོགས་ཡབ་སྲས་ལྷན་དུ་ཕེབས་ཏེ། དགེ་སྡིང་ནས་དམིགས་ཀོ་ས་ནས་རྟ་ནག་སྒྲོལ་མགོན་དུ་ཕེབས་ཏེ། རིགས་སྲས་དམ་པ་གསང་བདག་དཔལ་ཆེན་འོད་པོ་ཉིད་གསང་ཆེན་རྙིང་མ་བའི་རིང་ལུགས་སྒྲོལ་སྟོན་འཇམ་དབྱངས་ཆོས་ཀྱི་རྒྱལ་མཚན་སོགས་ཀྱི་ཆོས་ཁྲིར་མངའ་གསོལ་བར་མཛད་ནས། དགོན་གྱི་རྟེན་གསུམ་དང༌། མཆོད་གཞིས་འོ་རློན་གྲྭ་རིགས་སྦྱིན་བདག་དང་བཅས་པ་མི་ཉམས་གོང་འཕེལ་དགོས་རྒྱུའི་བཀའ་གདམས་དང༌། སྐྱབས་མཆོག་ཉིད་ཀྱང་གདན་ས་ལྟེ་བ་བཞུགས་ཏེ། ཆོས་དུས་དབང་འཆད་ཉན་རྣམས་ལ་ཡར་མར་ཕེབས་རྒྱུ་སོགས་བཀའ་བཀོད་མཐར་ཕྱིན་པར་གནང་ནས། ཡབ་སྲས་རྣམས་གདན་སར་ཕེབས་ཅིང་རྗེ་ཉིད་དགུང་ལོ་བརྒྱད་དུ་ཕེབས་བར། ཤིང་གླང་ཟླ་བ་བཅུ་པར་ཡབ་མངྒའི་མཚན་ཅན་ཉིད་གདུལ་བྱ་རྣམས་ཀྱི་བསོད་ནམས་དུས་གཅིག་ཏུ་ཟད་དེ། གཞན་དོན་དགོངས་པ་གཏད་ཚུལ་གོང་