R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༨༢༦
[A:༨༢༦]ནག་ནམ་རྒྱུན་ཀྱང་སྡོད་པ་བྱུང༌། ཇོ་མོ་ལྷ་རི་མའི་རྟེན་མདོས་དེ་ཉིད་རང་གི་ཕྱག་བཟོའི་སྐུ་བརྙན་བཅས་འཛུགས་སྐབས་ཀྱང་ཇོ་མོ་གཟིགས་སྣང་དུ་བྱུང་ཚུལ་སོགས། མང་དུ་གནང་བ་རྣམས་ཀྱིས་མཚོན་པས་ཤེས་པར་བྱ་ཞིང༌། གཞན་པའི་མངོན་ཤེས་གྲུབ་རྟགས་སོགས་ནི་ཐེའུ་རང་གྲུབ་པ་ལས་ཀྱང་བྱུང་བར་གསུངས་པ་ཡོད་པས་དེ་ཙམ་གྱིས་ཆོག་ཅིང༌། མཐར་གཟུགས་སྐུ་ཆོས་དབྱིངས་སུ་བསྡུས་པའི་ཚུལ་ནི། ས་འབྲུག་ལོར་གཙང་སར་སྤྲུལ་སྐུ་སོགས་ལ་བཀའ་ཆོས་དུ་མ་གནང་སྐབས་ངོས་རང་གི་རྨི་ལམ་དུ་སྒྲོལ་སྟེང་གི་གསེར་འཕྲུ། རྒྱལ་མཚན། དར་ལྕོག་ཐོག་ཁ་ནས་དུས་གཅིག་དུ་ལྷུང་བ་སོགས་ཡང་ཡང་རྨིས་པ། གཙང་སར་སྤྲུལ་སྐུ་ལ་ལན་བསྐུལ་གྱིས་ཞབས་རིམ་རྒྱ་ཆེར་འབད་འབུངས་མཛད་ན་མ་གཏོགས་བརྟག་དཔྱད་ཡག་པོ་མེད་འདུག་ཞུས་པར། བརྟག་པ་བགྱིད་དགོས་གསུངས་པའང་སྐུ་གེགས་ཆེ་བས་རྒྱབ་རིམ་མང་ཕེབས་ཞུས་པ་ཡིན་ཡང༌། ཚེ་སྒྲུབ་བླ་བསླུ། ཕུར་བཟློག་སྲི་གནོན་སོགས་འགའ་ཞིག་གནང་བ་དང༌། བླ་སྨན་པ་ཡང་སྡོད་མུས་བཅས་ཡིན་ཡང་བསྟན་གེགས་བཟློག་མེད་ཀྱིས། དེ་སྔོན་ནས་ཀྱང་སྙུན་གཞི་ལྕི་བའི་ཁར་འཕྲལ་དུ་བཀའ་ཆོས་སོགས་ཀྱིས་འཁྲུལ་རྐྱེན་རྣམ་པས་ཇེ་ཞན་ཇེ་སྡུག་གིས་བཀའ་ཆོས་ཀྱང་བཤོལ་ཏེ། ཉིན་ཤས་གཟིམ་སྦུག་ཏུ་ཐུགས་དམ་སོགས་ལ་བརྩོན་པར་བཞུགས་ཏེ། ཉིད་ཀྱི་དགུང་གྲངས་ཞེ་བཞིར་ཕེབས་པ་ཆུ་སྟོད་ཚེས་ཉེར་གཉིས་ཉི་དྲོས་ཁར་ཉི་ཟླའི་རླུང་ངྷུ་ཏིར་བསྡུས་ཏེ་རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཉིད་དང༌། མཆོག་ཏུ་མི་འགྱུར་བའི་བདེ་བ་