R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༨༣༡
[A:༨༣༡]བཤད་དགོས་པ་རྣམས་ཀྱང་དེ་ཉིད་ཀྱིས་མཛད་པའི་ཆོས་འབྱུང་དང༌། ལམ་རིམ་གྱི་ཁོག་ཕུབ། དམ་ཚིག་ཕྱི་ནང་བསྐྱེད་རིམ་རྣམ་བཤད་སོགས་ཀྱི་སྒྲོ་འདོགས་བཅད་དེ་བཏང་ཞིང་སེམས་བསྐྱེད་ཆེན་མོ། རྒྱུད་ལམ་གྱི་དབང༌། བདག་མེད་མའི་བྱིན་རླབས། སྣང་གསུམ་སྐབས་འཇམ་མགོན་ཨ་མེས་ཞབས་ཡན་གྱི་རྣམ་ཐར་དང༌། གསུང་ངག་ཆོས་འབྱུང་ལེགས་བཤད་འདུས་པའི་རྒྱ་མཚོ་རྣམས་ཀྱི་ལུང་ཕུལ་བ་དང༌། གཞན་ཡང་སྒྲུབ་ཐབས་བརྒྱ་རྩའི་ཁྲོད་ནས་ཉེ་མཁོའི་རིགས་རྣམས་དང༌། ཇོ་ལུགས་སྒྲོལ་མ་ཉེར་གཅིག་གི་རྗེས་གནང༌། རྣམ་སྲས་རིགས་ཅན་བཅོ་ལྔ་བྱུང་མ་སོང་ཞིང༌། དེ་བྱིངས་དབང་རྗེས་གནང་ལུང་དང་བཅས་པ་གཅེན་པོ་འཇམ་དབྱངས་ཐུབ་བསྟན་བཟང་པོར་ཕུལ་བ་ཇི་བཞིན་བྱུང་སོང༌། དེ་སྐབས་བཞུགས་གནས་ཞབས་ལྷོར་ཡོད་པ། དེ་ནས་རིམ་བཞིན། དགེས་རྡོར་གཞི་བསྙེན་བསྙེན་སོང་རྒྱུགས་སྤྲོད་རིགས་དང༌། ཕུར་སྒྲུབ་གསུང་བཤད་ལས་རིམ་རྣམས་དང་བཅས་པ་གསུང་ངག་ཅུང་མི་བདེ་ཙམ་སྣང་ཡང་ལས་འཕྲལ་ཆོས་འཕྲལ་ཕྱག་ལེན་རྣམས་ཞལ་འདོན་བཅས་ཐོགས་མེད་གནང་སོང་ཞིང༌། འདི་གར་ཟབ་གསོལ་སློབ་དཔོན་ཀྱང་ལོ་མང་དུ་གནང༌། གུར་ཞལ་སོགས་དབང་ལུང་རྣམས་གཅེན་པོ་དང་ལྷན་ཅིག་གསན་ནམ་སྙམ་པ་བཅས། དེ་ནས་མ་ཡུམ་བཀའ་བཞིན་ཁམས་ཕྱོགས་ལ་ཕེབས་རྒྱུར་ཀོང་པོ་ངོས་ནས་རྒྱ་དམག་གི་ཟར་ཟིར་གྱིས་ཕེབས་མ་ཐུབ་པར། དབྱར་ཐོག་བྱང་ངོས་ནག་ཆུ་ཚོ་ལྔ་སོགས་ཀྱི་འགྲོ་དོན་རེ་སྐོང་རྣམས་གྲུབ་ནས། སྟོན་མཚམས་ལྷ་ལྡན་དུ་ཕེབས་ཐོག་བསྟན་