R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༨༣༢
[A:༨༣༢]གླིང་དུ་བཞུགས། དེ་སྐབས་བར་རྟ་ངོས་སུ་མི་རྣམས་དར་ཤི་ཁོ་ན་དང༌། ཤི་འཕོས་ནས་གཤིན་འདྲེར་སྐྱེས་ཏེ། མི་ནོར་ཕྱུགས་བཅས་ལ་གནོད་འཚབ་ཆེ་བ་གནོད་རྐྱེན་ཅི་ཡིན་སོགས་བརྟག་ཞུས་ལ། དོ་ནུབ་རྨི་བརྟག་བགྱིས་ཏེ་སང་ཉིན་ལན་གསལ་ཡོང་ལུགས་གསུངས་པ་བཞིན། དེ་ནུབ་མནལ་ལྟས་སུ་གྲྭ་གཟུགས་ཞིག་གི་མཇུག་ཏུ་མི་སྐྱ་ཤར་འབྲོག་ལྕང་ལོ་མཐེབ་སྤྲད་བཏུམས་ཏེ་མགོ་ལ་དཀྲིས་བྱུང་བ་རྣམས་ཕྱག་དང་བཅས། བདག་ཅག་རྣམས་འདི་ནས་བྱང་ཤར་མཚམས་རི་སྙིང་འདྲ་བའི་ངོས་ལ་གནས་པ། དེ་ནས་མཚོ་ཞིག་ཀྱང་མཐོང་ཚུལ་བརྗོད་པ་བཞིན་བན་ཚང་པ་རྣམས་ལ་གསུངས་ཏེ། བལྟ་བར་ཕྱིན་པས་ཇི་གསུང་བཞིན་རི་དང་མཚོ་སོགས་འདུག་ཚུལ་ཞུས་པ་བཞིན་བརྟག་ལན་བསྩལ་ཏེ། སྦྱིན་སྲེག་སོགས་མཛད་པས། དེ་ནས་བཟུང་མི་ཤི་སོགས་རྒྱུན་ཆད་པའི་ངོ་མཚར་ཡང་བྱུང་འདུག་ཅིང༌། རྒྱུན་གཏན་རྣལ་ལམ་སོགས་གནོད་སྦྱིན་རྩི་དམར་བ་འདི་ཆས་སོགས་ཟབ་ཏུ་བྱུང་ནས་སླེབ་བྱུང་གསུངས་ན་ལམ་འགྲོ་ཡོང་བ་དང༌། རེ་འགར་དོར་ཀྱང་མར་སླེབ་ན་ཅུང་ལམ་མི་འགྲོ་བ་སོགས་ཡོང་ཚུལ་ཞབས་འབྲིང་པ་རྣམས་ནས་བརྗོད་པ་སོགས་མང་དག་ཡོད་ཚོད་འདུག དེ་ནས་ལྷ་གདན་ནས་རོང་སོགས་བརྒྱུད་འདིར་ཕེབས་ཀྱིས་སིས་རིམ་སོགས་ཀྱི་འཕྲོས་དང་ཕུར་སྒྲུབ་དང་དུས་མདོས་ཀྱི་སློབ་དཔོན་སྔ་ཕྱིར་ཚར་ཁ་ཤས་མཛད་དོ། །གཞན་ཡང་ངོས་དང༌། གཅེན་པོ་འཇམ་དབྱངས་ཐུབ་བསྟན་བཟང་པོ། གུ་ཎ་སྤྲུལ་སྐུ། ལ་མར་དཔོན་སློབ་བསྟན་པ་རིན་ཆེན། བདེ་གླིང་དབུ་མཛད། དྷརྨ་ལཀྵི་སོགས་