R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༨༥༢
[A:༨༥༢]གྲགས་པ་རྒྱལ་མཚན་དཔལ་བཟང་པོ་དང། གཅུང་པོ་ངག་དབང་ཀུན་དགའ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོ་མཆེད་ཟླ་རྗེ་བཙུན་རྣམས་དང། ཞང་རྗེ་བོན་གྲོང་པའི་བདག་མོ་བཅས་ཚང་མ་ད་ལྟ་འཚོ་ཞིང་བསྡད་པ་ངོས་རང་རྣམས་རིགས་རྒྱུད་མང་དུ་འཕེལ་ནས། གདན་ས་ཆེན་པོ་འདི་ཉིད་ཀྱི་གདུང་བརྒྱུད་རྣམས་འཁོར་བ་མ་སྟོང་བར་དུ་གནས་པར་གྱུར་ཅིག དེ་རྣམས་ཀྱི་སྒྲོལ་མ་ཕོ་བྲང་ངམ། ཕུན་ཚོགས་དཔལ་འབར་བླ་བྲང་གི་གསུང་རབ་བྱོན་ཚུལ་བཤད་ཟིན་ཏོ། ། འདིར་སྨྲས་པ། ཕུན་ཚོགས་འཆི་མེད་ཡིད་དུ་འོང་བའི་ཚལ། །ངོ་མཚར་དཔལ་འབར་བསྟི་གནས་ཉམས་དགའ་བ། །གཡུ་ལོ་བཀོད་པའི་ཞིང་མཚུངས་དཔལ་ཡོན་ཅན། །འདི་ལ་སྒྲོལ་མ་ཕོ་བྲང་གྲགས་མིན་ནམ། །ཞེས་པའང་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །དེ་རྣམས་ཀྱིས་འཇམ་མགོན་ཨ་མེས་ཞབས་ཀྱིས་མཛད་པའི་དཔལ་ས་སྐྱའི་གདུང་རབས་བྱོན་ཚུལ་ལ། འོད་གསལ་ལྷ་ཡི་གདུང་རབས་བཤད་པ། དྲི་མེད་འཁོན་གྱི་གདུང་རབས་བཤད་པ། ལྷ་རིགས་འཁོན་ས་སྐྱ་པའི་གདུང་རབས་བཤད་པ། དེ་ལས་གྱེས་པའི་བླ་བྲང་རྣམ་བཞིའི་གདུང་རབས་བཤད་པ། སྐབས་སུ་བབ་པའི་དོན་བཤད་པ་སྟེ་ས་བཅད་ལྔར་མཛད་པའི་ནང་ནས། བཞི་པ་དེ་ལས་གྱེས་པའི་བླ་བྲང་རྣམ་བཞིའི་གདུང་རབས་རྣམས་ལས། གཞན་གསུམ་གྱི་གདུང་རབས་སྔ་དུས་ནས་རྫོགས་ཤིང་། ཕྱི་མ་དུས་མཆོད་བླ་བྲང་གི་གདུང་རབས་གྲས་རྩེ་གདོང་གདུང་རབས་ཕྱིས་བྱོན་རྣམས་དང། འདི་