R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༨༥༧
[A:༨༥༧]མཛད། ཆུ་ཡོས་རྒྱལ་ཟླ་ནས་དེ་སྲས་རྡོ་རྗེ་རིན་ཆེན་གྱིས་ཁྲི་ཐོག་ལོ་གསུམ་མཛད། མེ་རྟ་རྒྱལ་ཟླ་ནས་ཤིང་གླང་ཟླ་བ་བཅུ་པའི་བར་ལོ་གྲངས་ཉི་ཤུ་ཐམ་པ་ཐེག་ཆེན་བཀྲ་ཤིས་རིན་ཆེན་གྱིས་བདག་ཁྲི་མཛད། མེ་སྟག་རྒྱལ་ཟླ་ནས་རབ་བྱུང་བཅོ་ལྔ་པའི་ཆུ་རྟ་ཟླ་བ་བཞི་པའི་བར་ལོ་བཅུ་བདུན་བདག་ཁྲི་ཀུན་དགའ་བསོད་ནམས་ཀྱིས་མཛད་པས་མཇུག་ལོ་གཅིག་ཅུང་མེད། ཆུ་ལུག་རྒྱལ་ཟླ་ནས་ས་ཕག་ཟླ་བ་བཅུ་གཅིག་པའི་བར་ལོ་གྲངས་བཅུ་བདུན་བདག་ཁྲི་ཡབ་རྗེ་རྡོ་རྗེ་འཆང་ཀུན་དགའ་སྙིང་པོས་མཛད་པས་མཇུག་ལོ་གཅིག་ཅུང་མ་ཚང་། ལྕགས་གླང་རྒྱལ་ཟླ་ནས་ཤིང་ཡོས་ཟླ་བ་བཅུ་པའི་བར་ལོ་གྲངས་བཅོ་ལྔ་བདག་ཁྲི་འཇམ་དབང་ནས་མཛད། དེ་ནས་དགོངས་ཞུ་མཛད་ནས་ཤིང་ཡོས་རྒྱལ་ཟླ་ནས། ད་ལྟ་རབ་བྱུང་བཅུ་དྲུག་པའི་ཆུ་སྤྲེལ་སྣྲོན་ཟླ་ཕྱི་མའི་ཚེས་གཅིག་འདི་ཡན་ལ་ངོས་རང་ནས་ས་བསྟན་འཁུར་འཛིན་བགྱིས་ནས་ལོ་གྲངས་བཅུ་བདུན་དང། ཤིང་ཡོས་འགོ་ཟླ་ནས་བརྩིས་ན་ལོ་གྲངས་བཅོ་བརྒྱད་མ་སོང་ཙམ་དུ་སླེབས་པ་བཅས་ཀྱི་ས་བཅད་ལྔ་པ་སྐབས་ཀྱི་དོན་གདན་ས་ཆེན་པོའི་འདི་ཉིད་དུ་ད་ཕན་གདན་རབས་ཇི་ལྟར་བྱུང་ཚུལ་གྱི་ཞལ་སྐོང་བཤད་ཟིན་ཏོ། །ཡང་སྨྲས་པ། ཕུན་ཚོགས་རིགས་གསུམ་མགོན་པོའི་རྣམ་སྤྲུལ་པ། །ཕུན་ཚོགས་མཚན་གསུམ་གདུང་རིགས་ངོ་མཚར་ཅན། །ཕུན་ཚོགས་གདན་རབས་ཇི་ལྟར་བྱུང་བའི་ཚུལ། །ཕུན་ཚོགས་གང་གིས་སྨྲ་དེ་ས་གསུམ་རྒྱལ། །ཞེས་ཀྱང་སྨྲས་སོ། ། དེ་རྣམས་ཀྱི་དཔལ་ས་སྐྱའི་གདུང་རབས་རིན་པོ་ཆེ་བྱོན་ཚུལ་རིན་ཆེན་