[B:28b] སྦས་པའི་རྣལ་འབྱོར་པར་བྱེད། བསྟན་པ་དང་འགྲོ་དོན་རྒྱ་ཆེར་མཛད། བྱང་པས་ལྷ་རྩེ་བཟུང་། བཟང་བརྩོན་གྱི་ངང་ནས་རྒྱང་འབུམ་ཆེན་གྱི་ཕྱི་ནང་ཆ་རྐྱེན་དང་བཅས་པ་ལེགས་པར་སྦྱངས༑ ཆུ་ཕོ་འབྲུག་ལོ། ང་དྲུག་བཞེས་པས་ས་ཕོ་བྱི་བ་ལ་ལྷ་རྩེར་གཤེགས་སོ། །བླ་མ་འདི་གཉིས་ཀྱི་མཆེད་ཡ། དཔོན་ཡན་དབང་ཕྱུག་དཔལ་གྱི་ཇོ་མོ་ལ་བྱུང་བ། དྷརྨ་པ་དང་རྡོ་རྗེ་རིན་ཆེན་པ་གཉིས། སྔ་མས་མདོ་ཁམས་སུ་གདུལ་བྱ་བསྐྱངས། ཕྱག་རྫས་མང་དུ་སྟོན། གསེར་དངུལ་སོགས་ཀྱི་འགྱེད?འགྱོད་ཆེན་བྱས། བཀའ་གྲོས་པའི་དམ་བཞག་བཅུགས་པས་བཀའ་དྲིན་ཆེ་བར་བྱེད། བདག་པོ་བསོད་བཀྲས་པའི་སྲས་བདེ་ལེགས་བཀྲ་ཤིས་པ། བླ་མ་ལྷ་བཟང་པ་དང་། དཔོན་གཉེར་
[A:60]མ་མཐུན་པའི་རྐྱེན་གྱིས་ལ་སྟོད་བྱང་པའི་ས་ཆ་གཅིག་ན་བཞུགས་སམ་ཟེར་ཏེ། ལྷ་ཁང་ཆེན་མོ་ཉེ་གནས་ཀྱིས་འཛིན་ཏོ། །བཞི་ཐོག་པ་མཁས་བཙུན་ཆེན་པོས་དུས་མཆོད་པའི་ཇོ་མོ་དགེ་འདུན་འབུམ་ལ་སྲས་གཅིག་བྱོན་པ་བཞི་ཐོག་པ་བདག་ཆེན་ཀུན་རིན་པར་གྲགས་པ་ས་མོ་ཡོས་ལ་འཁྲུངས། ཆོས་རྗེ་བླ་མ་དམ་པས་དབུ་སྟོན། ལེགས་པར་སྦྱངས། རྒྱལ་པོས་ཏའི་དབེན་གུ་ཤྲིའི་མཚན་དང་། ལུང་གནང་། བཞི་ཐོག་གི་གདན་སར་སྐོས། ཡུན་རིང་པོ་མཛད། རེ་གཅིག་པ་ལ་བཞི་ཐོག་ཏུ་བདེ་བར་གཤེགས་སོ། །དེའི་སྲས་གུ་ཤྲི་བློ་གྲོས་རྒྱལ་མཚན་པ་རྟ་ལོ་ལ་འཁྲུངས། བཞི་ཐོག་ཏུ་བཞུགས། ལྔ་བཅུ་ལ་གཤེགས་སོ། །དེའི་སྲས་དབང་ཕྱུག་རྒྱལ་མཚན་པ། རྒྱལ་མཁར་རྩེ་བས་ཞབས་ཏོག་དབུ་འདོན། བཞི་ཐོག་ནང་ཆེན་མཛད་ནས་བཞི་ཐོག་ཏུ་བསྐོས། ཐུགས་དམ་ཤིན་ཏུ་འཕེལ། ཁའུ་སྐྱེད་ལས་ཀྱི་མགོན་