R960: ཡར་ལུང་ཇོ་བོའི་ཆོས་འབྱུང་།

  • Pagination (Witness A): 109
[A:109]སྣང་བ་བྱུང་། འདམ་ཀོ་ཁྱིམ་དུ་ལྷ་མོ་ཆེའི་རབ་གནས་ལ་སྤྱན་དྲངས་སུ། ལྷ་དེ་ལ་གདོན་གཅིག་ཞུགས་ནས་རབ་གནས་མཁན་པོ་གཞན་སུས་ཀྱང་མ་ཐོན་པ་ལ། བགེགས་སྐྲོད་མཛད་པས་དངོས་སུ་ལྷའི་མཆན་ཁུང་ནས་ཕུག་རོན་གཉིས་འཕུར་ནས། ཕ་ཆོད་ནས་སྤྱང་ཀི་ཟུང་ཚུབ་དང་བཅས་པར་སོང་བ་ཀུན་གྱིས་མཐོང་། དེ་ནས་རབ་གནས་མཛད་པས་རབ་གནས་ལེགས་ཟེར་རོ། །འདི་ནི་དགེ་བའི་བཤེས་གཉེན་ཁྱད་དུ་འཕགས་པ་ཞིག་ཡིན་ཏེ། བླ་མ་དམ་པ་འཕགས་པ་གོང་དུ་བྱོན་པའི་དུས་སུ། དབུས་ཀྱི་དགེ་བའི་བཤེས་གཉེན་ཐམས་ཅད་ཀྱིས་འདམ་དུ་མཇལ་བ་ལ་བྱོན་པའི་དུས་སུ། ལྷ་རིན་པོ་ཆེ་དང་གསུང་གླེང་མང་དུ་མཛད་པས་ཐུགས་ཤིན་ཏུ་དགྱེས་ནས།དབུས་ཀྱི་རིན་པོ་ཆེ་གཞན་རྣམས་འདམ་ནས་ལོག་པ་ལ། ལྷ་རིན་པོ་ཆེས་ངེད་ཀྱིས་སྐྱེལ་ཐུང་མཛོད་གསུངས་ནས་ཤ་པོ་བར་དུ་བྱོན།ཁྱེད་ལྟ་བུའི་དགེ་བའི་བཤེས་གཉེན་དང་འབྲལ་མི་ཕོད་པར་འདུག་གསུངས། བྱ་བ་ལ་སོགས་པའི་གཏམ་རྒྱུད་འདུག མདོར་ན་དེ་ལྟ་བུ་ངོ་མཚར་རྒྱུ་མཚན་བསམ་གྱིས་མི་ཁྱབ་པ་དང་། བསྟན་པའི་ཕྲིན་ལས་མཁས་བཙུན་བཟང་གསུམ་གྱི་སློབ་མ་དུ་མ་དང་། མི་ཆེ་བའི་སློབ་མ་ཟམ་ཁ་ཆིང་སང་ལ་སོགས་པ་མང་དུ་བྱུང་། བསྟན་པའི་མངའ་བདག་དང་། སེམས་ཅན་མང་པོ་སྨིན་པར་མཛད་ནས་ལུག་ལོ་སྟོན་ཟླ་ཐ་ཆུང་གི་ཉི་ཤུ་གཅིག་ལ་ངོ་མཚར་བའི་ལྟས་དུ་མ་དང་བཅས་ཏེ་སྤྱིལ་བུར་བདེ་བར་གཤེགས། ལྷ་སྐུ་ལ་སོགས་རྟེན་ངོ་