[A:111]དེས་ཚོགས་པ་ལོ་མང་དུ་བསྐྱངས་ཏེ། དགུང་ལོ་བཞི་བཅུ་སྟེང་དུ་གདན་ས་གཏད་ནས་ཟུར་ཁང་དུ་བཞུགས་ཏེ། ངེས་དོན་ཟབ་མོ་ཐུགས་ཉམས་སུ་བཞེས་ནས་དགུང་ལོ་དྲུག་ཅུ་རྩ་བཞི་ལ་ཞི་བར་གཤེགས།ཐུགས་ལྗགས་སྤྱན་གསུམ། དུང་གཡས་འཁྱིལ་བཞི་ལ་སོགས་པ་རྟེན་ངོ་མཚར་ཅན་མང་པོ་བྱོན། དེའི་རྗེས་སུ་བླ་མ་ལྷ་རིན་པོ་ཆེ་བདེ་བར་གཤེགས་པ་དེ་ཉིད། ཡབ་མངའ་བདག་གྲགས་པ་རིན་ཆེན་དང་ཡུམ་ལྷ་གཅིག་རྡོ་རྗེའི་སྲས་ཆེ་ཤྭོས་སུ་བྱའི་ལོ་ལ་བྲོ་བྲང་རྙིང་མར་སྐུ་འཁྲུངས། སྐུ་ན་གཞོན་པའི་དུས་སུ། ལོ་ཙྪ་བ་གྲགས་རྒྱལ་དང་བླ་མ་ཀུན་དགའ་དཔལ་ལ་སོགས་པ་མཁས་གྲུབ་རྣམས་ལ་ཡང་གསང་སྡགས་ཀྱི་དབང་གདམས་ངག་མང་དུ་གསན། དེ་ནས་ལྷ་ཟུར་ཁང་པའི་ཞལ་ཏ་བྱུང་ནས་སྤྱིལ་བུར་བྱོན། ལྷ་ཟུར་ཁང་པ་ལ་དགེ་བསྙེན་གྱི་སྡོམ་པ་ནོས། མཁན་པོ་ལྷ་རུ་བ་གཞོན་ཚུལ་དང་། སྦས་པ་སྟོན་གཞོན་གྱིས་མཁན་སློབ་མཛད་ནས་རབ་ཏུ་བྱུང་། མཚན་བློ་གྲོས་འོད་བྱ་བར་བཏགས། དེ་ནས་དགུང་ལོ་ཉི་ཤུ་ལོན་པའི་དུས་སུ་མཁན་སློབ་སྔ་མ་དང་། དད་པའི་དགེ་འདུན་དུ་མའི་དབུས་སུ་སྤྱིལ་བུར་བསྙེན་རྫོགས་མཛད། ལུང་རིས་ཀྱི་དབང་ཕྱུག་ལྷ་ཟུར་ཁང་པ་ལ་གཞུང་གདམས་ངག་མ་ལུས་པར་གསན། ཁྱད་པར་དུ་ཐེག་པ་ཆེན་པའི་བློ་སྦྱོང་གི་སྐོར། ཀུན་ལ་གྲགས་པ་དོན་བདུན་མ་ལ་སོགས་པ་རྣམས་དང་། བློ་སྦྱོང་ཆིག་བརྒྱུད་ཀྱི་གདམས་པ་སྙན་བརྒྱུད་དུ་གྲགས་པ་རྣམས་དང་། ཁ་ཆེ་པཎ་ཆེན་ནས་བརྒྱུད་པའི་གདམས་པ