[A:112]ཟབ་མོ་དང་བཅས་པ་མང་པོ་མ་ལུས་པ་གསན་ཅིང་ཐུགས་སུ་ཚུད་པར་མཛད། གཞན་ཡང་སྦས་པ་སྟོན་གཞོན་ལ་ཤེར་ཕྱིན་གྱི་སྐོར་དང་།མཁན་པོ་གཞོན་ཚུལ་བ་ལ་འདུལ་བའི་སྐོར་རྣམས་གསན་ནས་དགུང་ལོ་ཉི་ཤུ་རྩ་བདུན་ལོན་པ་ཕག་གི་ལོ་ལ་བསྟན་པའི་བདག་པོར་མངའ་གསོལ་ནས། ལྷ་ཟུར་ཁང་པས་དུང་རིན་པོ་ཆེ་དང་། འཕེལ་གདུང་། ཤ་རིའི་བུའི་ལྷུང་བཟེད། ན་རོ་པའི་རུས་རྒྱན། ཇོ་བོ་རྗེའི་ཕྱག་དྲིལ། ཕྱག་རྡོར། པོ་ཏོ་ལ་སོགས་པ་གཙུག་ལག་ཁང་རྣམས་ཀྱི་ལྡེ་མིག་ཕུལ། གདན་ས་ལོ་བཞི་བཅུའི་བར་དུ་བསྐྱངས་ཤིང་། བླ་མ་འདི་ནི་ངེས་པར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡིན་ཏེ། གདན་སར་བཞུགས་རིང་ལ་སྤྱིལ་བུ་བ་རྣམས་ལའང་བདེ་སྐྱིད་རྒྱ་ཆེན་པོ་བྱུང་ཞིང་། སྤྱིར་བདག་ཉིད་ཆེན་པོ་འདི་སྐུ་འཁྲུངས་ནས། ས་འབྲི་ལ་སོགས་པའི་ཟང་ཟིང་རྣམས་ཞི་ནས།བོད་ཁམས་སྐྱིད་དུ་སོང་། ཞི་བར་མ་གཤེགས་བར་དུ་འཁྲུག་མོ་ཆེ་ལ་སོགས་པ་ཟིང་མེད། དེའི་རྒྱུ་མཚན་གདན་སར་བྱོན་ནས་དབྱར་གནས་སྤྱིལ་བུར་མཛད་དུས་སློབ་དཔོན་རྡོ་རྗེ་ཡེ་ཤེས་ཀྱིས་འགྲོ་མགོན་ནམ་མཁའ་ལ་བྱོན་ནས། རིན་པོ་ཆེ་པའི་ཐུགས་ཁར་ཐིམ་པ་གསལ་པོ་ཞིག་མཐོང་བས། ལྷ་འདི་བཞུགས་རིང་ལ་བདེ་སྐྱིད་ཡོང་བར་འདུག་ཟེར། དེ་ལྟར་ངོ་མཚར་བའི་ལྟས་དུ་མ་དང་བཅས་ནས་དགུང་ལོ་དྲུག་ཅུ་རྩ་དྲུག་ལ་ཞི་བར་གཤེགས། གདུང་སྦྱངས་པའི་དུས་སུ་ཐུགས་ལྗགས་སྤྱན་གསུམ། ལྷ་སྐུ། དུང་གཡས་སུ་འཁྱིལ་བ།