R960: ཡར་ལུང་ཇོ་བོའི་ཆོས་འབྱུང་།

  • Pagination (Witness A): 117
[A:117]ཟེར་བས་དེར་ལྟོས་ཤིག བཀའ་གདམས་གདམས་ངག་པར་གྲགས་པའི་སྤྱན་སྔ་རིན་པོ་ཆེ་ནི་ཉན་གྱི་སྒང་ར་སྒང་དུ་ཡུམ་ལི་མོོའི་བུར་སྐུ་འཁྲུངས། མཚན་སྟག་ཚག་འབར། རབ་ཏུ་བྱུང་ནས་མཚན་ཚུལ་ཁྲིམས་འབར་དུ་བཏགས། དགེ་བའི་བཤེས་གཉེན་དགེ་བཤེས་སྟོན་པ་སྟེན་ནས། གཞུང་གདམས་ངག་མ་ལུས་པ་གསན། སྒོམ་པའི་སྟོབས་ཀྱིཻས་རིག་པའི་གནས་ལྔ་ལ་མཁས་པ། ཐུགས་བརྒྱུད་དང་མཁྱེན་པ་ནམ་མཁའ་འདྲ་བ་གཅིག་བྱོན། གདན་ས་ལོའི་གཙུག་ལག་ཁང་ལ་སོགས་པ་གཙུག་ལག་ཁང་མང་དུ་བཞེངས། དེ་ལ་བུ་སློབ་བསམ་གྱིས་མི་ཁྱབ་པ་མངའ་ཡང་། སྤྱན་སྔའི་སྒོ་བཞིར་གྲགས་པ་ནི་ཟར་པ་ཕ་སྒོམ་གྱིས་མལ་གྲོའི་ཟར་བཏབ། མ་ར་སྒོམ་པ། ག་ཡེ་སྒོམ་པ། རྩེ་སྒྲོ་རྒྱ་སྒོམ་དང་བཞིའོ། །སྟོད་ལུང་པ་རིན་ཆེན་སྙིང་པོས་བཙན་གྲོ་དགོན་པ་བཏབ། བསྟན་པའི་བྱ་བ་རྒྱ་ཆེར་མཛད། མདོར་སྤྱན་སྔ་རིན་པོ་ཆེ་འདིས་བསྟན་པའི་མངའ་བདག་ཡུན་རིང་དུ་མཛད་ནས། ཀླུང་ཤོད་སྨྱུག་རུམ་དུ་སྐུ་གཤེགས།དེརི་ཐུགས་ཀྱི་སྲས་སྤྲུལ་སྐུ་ཆེན་པོ་བྱ་ཡུལ་བ་ནི། མགོན་པོ་ཟླ་འོད་གཞོན་ནུའི་སྤྲུལ་པ། མཐོང་ཐོས་ཐམས་ཅད་དོན་དང་ལྡན་པ་ཞིག་བྱོན་ཏེ། སྤྱན་སྔ་རིན་པོ་ཆེ་ཡུན་རིང་དུ་སྟེན་ཞིང་། མཚན་གཞོན་ནུ་འོད་བྱ་ཡུལ་བ་ཆེན་པོར་གྲགས་པ་དེས་བྱ་ཡུལ་དཔལ་གྱི་གཙུག་ལག་ཁང་ཆེན་པོ་བཞེངས། དེ་ལ་བུ་སློབ་བསམ་གྱིས་མི་ཁྱབ་པ་མངའ་ཡང་། ཆེན་པོ་བཅུ་གསུམ་དུ་གྲགས་པ་ནི། ཁམས་ནས་རབ་