[A:118]དགའ་ཆེན་པོ་དང་ངང་ཚང་བ་ཆེན་པོ་གཉིས། དྭགས་པོར་ཤ་བ་གླིང་པ་ཆེན་པོ་དང་། བོ་ཐང་པ་ཆེན་པོ། བྲག་ནག་པ་ཆེན་པོ།མུས་དམན་པ་ཆེན་པོ། མལ་གྲོར་བུས་པ་ཆེན་པ། འདིས་རྒྱལ་པོ་སྟེངས་བཏབ། གཞེར་ཆེན་པོ་འདིས་ཀམ་ཀམ་བཏབ། སྨད་དུམ་བུ་རི་པ་ཆེན་པོས་དུམ་བུ་རི་བཏབ། དགྱེར་སྒོམ་ཆེན་པོས་རྒྱ་མའི་མཆོད་ཁང་རྙིང་མ་དང་རིན་ཆེན་སྒང་བཏབ་བོ། །དེ་ལ་སོགས་པ་མཁས་གྲུབ་དུ་མ་སྨིན་པར་མཛད་ནས། ངོ་མཚར་བའི་ལྟས་དང་བཅས་ཏེ་བྱ་ཡུལ་དུ་མྱ་ངན་ལས་འདས། དེའི་ཐུགས་ཀྱི་སྲས་གཙང་པ་རིན་པོ་ཆེས་སྐུ་དེ་ཉིད་ལ་བདེན་པ་གཟིགས། དེའི་ཐུགས་ཀྱི་སྲས་རིན་པོ་ཆེ་གླང་ལུང་པས་ལོ་བྱ་ཡུལ་སྦྲགས་ནས་གདན་ས་མཛད།ཚུལ་འཇུག་ལོ་རེ་མོས་བྱེད་པའི་སྲོལ་ཡང་དེ་ནས་བྱུང་བར་སྣང་ཞིང་།བསྟན་པ་ཡུན་རིང་དུ་བསྐྱངས་ནས་བྱ་ཡུལ་དུ་སྐུ་གཤེགས། དེའི་ཐུགས་ཀྱི་སྲས་སངས་རྒྱས་སྒོམ་པར་གྲགས་པ་གཡར་པོ་བ་ཡིན་པ་དེས་བསྟན་པ་ཡུན་རིང་དུ་བསྐྱངས་ནས་བྱ་ཡུལ་དུ་གཤེགས། དེའི་ཐུགས་ཀྱི་སྲས་ཟེམ་ཚེ་རིང་པ་བྱ་བ་དེས་བསྟན་པའི་མངའ་བདག་མཛད།འདིའི་དུས་སུ་འཕྲིན་ལས་ཆེར་བྱུང་སྟེ། འདིའི་བུ་ཆེན་འོད་གསལ་བ་ཆེན་པོས་ཞོགས་ཕུའི་འོད་གསལ་དགོན་པ་བཏབ། རི་མེར་བ་ཆེན་པོས་ལྷོ་བྲག་གི་རི་མེར་བཏབ། ཐུགས་བྱང་ཆུབ་ཀྱི་སེམས་དེ་ཁམས་ལུང་པ་ལ་གཏད་ནས། བྱ་ཡུལ་དུ་མྱ་ངན་ལས་འདས།དེའི་ཐུགས་ཀྱི་སྲས་ཁམས་ལུང་པ་ཉན་ཀ་ཀ་སར་སྐུ་འཁྲུངས། ཟེམ་