[A:120]དུ་བྱོན། འདིས་སངས་རྒྱས་ཇོ་བོ་ལའང་སླེབས་ཏེ་བསྙེན་རྫོགས་མཛད། སངས་རྒྱས་སྟོན་པ་ལ་བྱ་ཡུལ་བའི་ཆོས་སྐོར་ཚང་མ་ཞུས།དེའི་དུས་སུ་གསང་སྔགས་བཀའ་བབས་ཀྱི་སྐོར་ཁམས་ལུང་པ་ནས་བཀའ་ཆད་ནས་མེད་པས། སངས་རྒྱས་སྟོན་པས་ཞལ་བྱོན་ནས། རྒྱ་གར་ཀ་མ་རའི་ཕུ་ན། ཟེམ་ཚེ་རིང་པོ་བའི་སློབ་མ་སྒོམ་པ་བྱང་སྐྱབས་བཞུགས་པ་ལ་བཀའ་བླངས་ནས་བྱ་ཡུལ་གྱི་གདན་ས་ལོ་བཅུ་གསུམ་མཛད། འཕྲིན་ལས་ཤིན་ཏུ་དར་རྒྱས་ཆེ་ཞིང་། དགུང་ལོ་ལྔ་བཅུ་རྩ་ལྔ་ལ་བྱ་ཡུལ་དུ་སྐུ་གཤེགས། དེའི་རྗེས་སུ་རྒྱལ་སྟེངས་པ་བསྐོས་ནས། གདན་ས་ལོ་བཅོ་བརྒྱད་མཛད་ནས་གཤེགས། དེའི་རྗེས་སུ་སློབ་དཔོན་ཙན་ཁྲོ་བ་ཚུལ་ཁྲིམས་མགོན་ནི་འཁྲུངས་ཡུལ་ཀ་བ་ཡུ་པ། སངས་རྒྱས་སྟོན་པ་ལ་སླེབས།་འདིས་གདན་ས་ལོ་ཉི་ཤུ་རྩ་གསུམ་མཛད་ནས་གཤེགས། དེའི་རྗེས་སུ་ད་ལྟའི་རིན་པོ་ཆེ་འདི་འོ།།བྱ་ཡུལ་བའི་ཆོས་བརྒྱུད་འཛིན་པ་ནི་སྤྱན་ཡས་པའང་ཡིན་ལ། སྤྱན་ཡས་པ་གནས་བརྟན་དར་མ་བཀྲ་ཤིས་ཀྱིས་སྤྲུལ་སྐུ་བྱ་ཡུལ་བའི་སློབ་མ་གནུབས་མཆོད་གནས་ལ་གདམས་ངག་ཞུས། ཟེམ་ཚེ་རིང་མོའི་སློབ་མ། འོད་གསལ་ཆེན་པོའི་སློབ་མ་སྤྱན་ཡས་པར་གྲགས་པས་འོད་གསལ་གྱི་གདན་ས་བཟུང་། དེའི་དབོན་པོ་མཁན་པོ་རྒྱལ་ཚ་བ། མཚན་དངོས་གཞོན་ནུ་གྲགས་པས་ཁུ་བོ་ལ་གདམས་ངག་རྫོགས་པར་ཞུས། ཡང་མཁན་པོ་གོང་མ་ནམ་མཁའ་གཞོན་ནུས་ཀྱང་ལུག་མགོ་ཐང་དུ་སྒོམ་པ་བྱང་སྐྱབས་ལ་སེམས་སྐྱེད་གོང་མ་ཞུ་བ་ལ་