R960: ཡར་ལུང་ཇོ་བོའི་ཆོས་འབྱུང་།

  • Pagination (Witness A): 132
[A:132]གྲགས་འབུམ་གྱི་སློབ་མ་བཅོམ་ལྡན་རལ་གྲི་ཡིན། དེའི་སློབ་མ་མཁན་པོ་དབེན་ཟི་དང་། དབུ་ཚད་པ་རིན་བཟང་དང་། སྐྱི་སྟོན་ཤག་འབུམ། སྐྱི་སྟོན་གྲགས་རྒྱལ། གྲ་རིང་། གྲ་ཐུང་།རྩེད་རིང་། རྩེད་ཐུང་ལ་སོགས་པ་ཡིན་ནོ། །དེའི་རྗེས་སུ་དབོན་པོ་རིན་འབྱུང་གིས་བཤད། དེའི་སློབ་མ་ལྡོང་ཡིན་ཏེ་གཉལ་པ་ཞིག་པོ་ནས་འཕྲོས་པ་རྣམས་སོ། །ཡང་སྨད་པའི་སློབ་དཔོན་འོད་ཟེར་མགོན་པོའི་སློབ་མ་སློབ་དཔོན་ཤག་གནོན། ཚད་མའི་སྐྱེས་བུ་ལ་སོགས་པ་དུ་མ་ཡོད་པ་ལས། སློབ་དཔོན་ཤག་གཞོན་གྱི་བདག་རྐྱེན་དཔོན་སྨོན་ལམ་རྡོ་རྗེ་ཡབ་སྲས་ཀྱིས་མཛད་ནས་གུང་ཐང་དུ་བཤད་གྲྭ་བཙུགས། སློབ་དཔོན་ཤག་གཞོན་རང་ནེའུ་ཐོག་ཏུ་སྤྱན་དྲངས།རྟིང་གུང་ཐང་ཆོས་འཁོར་གླིང་གི་གདན་ས་ལ་སློབ་དཔོན་གྲུབ་དཔལ་བསྐོས། དེའི་རྗེས་སུ་སློབ་དཔོན་ཤེས་རྒྱལ། དེའི་རྗེས་སུ་སློབ་དཔོན་བློ་བཟང་། དེ་རྗེས་བསོད་ནམས་དཔལ་དང་། བྱམས་པ་དཔལ་དང་། ཀུན་བཟང་ལ་སོགས་པ་ཆོས་འཁོར་གླིང་པ་རྣམས་ཏེ་གླིང་སྨད་པ་ལ་འཕྲོས་པ་རྣམས་སོ། །ཨར་གྱི་སློབ་མ་ཁུ་ཤེར་བརྩོན་གྱིས་ཐང་པོ་ཆེར་ཆོས་བཤད་གྲྭ་པ་དང་གདུལ་བྱ་ཆེར་བྱུང་། དེ་ལས་འཕྲོས་ནས་ད་ལྟ་སྨོན་འགྲོ་པ་དང་། ལྷག་ཏུ་བ་ལ་སོགས་པ་ཁུ་པ་དང་རྗེས་འབྲང་དང་བཅས་པའོ། །འཆད་རྩོད་རྩོམ་པའི་མཚན་ཉིད་ཡོངས་རྫོགས་ཏེ། །ཐར་ལམ་གསལ་བར་སྟོན་པའི་རྟགས་གྲུབ་པ། །ལོ་ཙྪ་ཆེན་པོའི་བཤད་བརྒྱུད་དྲི་མེད་འདི། །ཐར་པ་དོན་གཉེར་