[A:133]རྣམས་ཀྱི་མིག་ཏུ་གྱུར། །རྔོག་ལོ་ཙྪ་བའི་བཤད་བརྒྱུད་ཀྱི་སྐབས་སོ། །དཔལ་ལྡན་རྔོག་ལོ་ལ་སོགས་བསྟན་འཛིན་ཆེན་པོ་རྣམས་ཀྱི་རྣམ་ཐར་འཛིན་ཞིང་འཕྲིན་ལས་ཕུལ་དུ་བྱུང་བས། བསྟན་པ་འཛིན་པ་སྐྱེས་བུ་དམ་པ་འཇམ་དབྱངས་གུ་ཤྲི་ཆེན་པོའི་འཕྲིན་ལས་ལ། རྩེད་ཐང་གི་ཆོས་གྲྭ་ཆེན་པོ་ཚུགས་པ་ཡིན་ཞིང་། ལྕགས་མོ་ཡོས་ཀྱི་ལོ་ལ་དྲུང་འཇམ་དབྱངས་ཆེན་པོ་བསྟན་པའི་བདག་པོར་མངའ་གསོལ་ནས།རྒྱས་པའི་བསྟན་བཅོས་ཚད་མ་རྣམ་འགྲེལ་གསུངས་པ་ནས་བཟུང་སྟེ།སྣེ་སྣོད་འཛིན་པ་མང་པོ་འདུས་ཤིང་། སངས་རྒྱས་བྱང་ཆུབ་སེམས་པ་ཐམས་ཅད་ཀྱི་འཕྲིན་ལས་གཅིག་ཏུ་བསྡུས་པ། ཆོས་རྗེ་བསོད་ནམས་རྒྱལ་མཚན་དཔལ་བཟང་པོའི་ཞལ་སྔ་ནས་འཐུན་འགྱུར་གྱི་བཀའ་གནང་ནས། སྟོབས་ཀྱི་འཁོར་ལོས་སྒྱུར་བ་ཏའི་སི་ཏུ་ཆེན་པོ།བདག་ཉིད་ཆེན་པོ་དེའི་གདན་སའམ། ཆོས་ཀྱི་འདུན་པ་ཆེན་པོར།འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་བྱིན་གྱིས་བརླབས་པའི་གནས་རྩེད་ཐང་དུ་ཆོས་སྡེ་ཆེན་པོ་བཞེངས་ཤིང་། མཐུན་རྐྱེན་ཕུན་སུམ་ཚོགས་པ་དང་བཅས་པ་བསྒྲུབས་ཏེ་སྡེ་སྣོད་འཛིན་པ་སྟོང་ཕྲག་གཅིག་ཙམ་འདུས་ཤིང་། ལོ་ཙྪ་བ་ཆེན་པོ་ལ་སོགས་པ་མཁས་གྲུབ་གོང་མ་རྣམས་ཀྱི་གདན་ས་བ་རྣམས་ཀྱིས་ཐོག་བྱས། བོད་ཀྱི་མཁས་བཙུན་བཟང་གསུམ་དང་རིགས་རུས་ལ་སོགས་པ་མཆོག་ཏུ་གྱུར་པའི་སློབ་མ་བསམ་གྱིས་མི་ཁྱབ་པ་མངའ་ཞིང་། ལས་ཅན་མང་པོ་སྨིན་པར་མཛད་ལ། འཇམ་དབྱངས་གུ་ཤྲི་ཆེན་པོས་ཆོས་ཀྱི་རྒྱལ་སྲིད་ལོ་