R960: ཡར་ལུང་ཇོ་བོའི་ཆོས་འབྱུང་།

  • Pagination (Witness A): 135
[A:135]བརྒྱད་པ། ས་སྐྱའི་གདུང་རྒྱུད་དང་དེ་དག་གི་མཛད་པའི་སྐོར། མགོན་པོ་འཇམ་དབྱངས་ཀྱི་རྣམ་པར་སྤྲུལ་པ་དཔལ་ལྡན་ས་སྐྱ་པའི་གདུང་རྒྱུད་རྣམ་པར་དག་པ་འདིས་བསྟན་པའི་འཕྲིན་ལས་མཚུངས་པ་མེད་པས་འཛམ་བུའི་གླིང་འདིར་མི་རིགས་སྐད་རིགས་མི་གཅིག་པ་དུ་མ་དམ་པའི་ཆོས་ཀྱིས་བསྐྱངས་ཤིང་། བསྟན་པའི་བདག་པོ་མཛད་ལ། ཁྱད་པར་བོད་ལ་བཀའ་དྲིན་ཆེ་བའི་ལོ་རྒྱུས་ནི་བསྟན་པ་ཕྱི་དར་དུ་གྲགས་པའི་བོད་དུ་གཙུག་ལག་ཁང་དང་སྡེ་མང་པོ་འཕེལ། ཇོ་བོ་ཆེན་པོ་རྗེ་བོད་དུ་བྱོན་པའི་རྗེས་སུ་ཞུགས་པའི་མཁས་གྲུབ་མང་པོས་བསྟན་པ་བསྐྱངས་ཤིང་། རྔོག་ལོ་ལ་སོགས་པའི་བཤད་ཉན་དར་བའི་སྐབས་སུ། ཧོར་གྱིས་རྒྱལ་ཁམས་མནན་ཞིང་། བོད་ཀྱི་ངོ་ལྟ་མ་བཅག་པས། བསྟན་འཛིན་ཆེན་པོ་རྣམས་ཀྱང་ཐུགས་ཐེ་ཚོམ་དུ་གྱུར་པའི་སྐབས་སུ། རྗེ་བཙུན་ཆེན་པོའི་ལུང་བསྟན་བཞིན་ཐམས་ཅད་མཁྱེན་པ་ཆོས་རྗེ་ས་སྐྱ་པ་ལ་ཧོར་གྱི་གདན་འདྲེན་བྱུང་མ་ཐག་བསྟན་པ་རིན་པོ་ཆེ་གསལ་བར་བྱས་པ་དང་། གངས་ཅན་པ་ལ་སོགས་འགྲོ་བ་དུམ་སྐྱོབ་པའི་ཕྱིར་སྐུ་སྲོག་ལ་ལྟོས་པ་མེད་པར་ཧོར་ཡུལ་དུ་བྱོན། དེ་ནས་བཟུང་སྟེ་སྐད་རིགས་མི་གཅིག་པ་དུ་མ་སྨིན་པར་མཛད། ཁྱད་