[A:146]ཁྲི་ལྕམ་བྱ་བ་ལ་འཁྲུངས་ཏེ། ཆེ་བ་དེ་ཆོས་རྗེ་ས་སྐྱ་པ་ཎྜི་ཏཞེས་གྲགས་ཏེ། མཚན་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོ་བྱ་བ་ཡིན་ནོ། །དེ་ཉིད་ཡབ་དགུང་ལོ་སོ་གསུམ་བཞེས་པ་ཆུ་ཕོ་སྟག་གི་ལོ་ཁྲ་ཟླ་བའི་ཚེས་ཉེར་དྲུག་ལ་འཁྲུངས་ཤིང་། དེ་ཡུམ་གྱི་ལྷུམས་སུ་བཞུགས་པའི་དུས་སུ། ཀླུའི་རྒྱལ་པོ་རིན་པོ་ཆེའི་རྒྱན་ལྟར་མི་བཟོད་པ་གཅིག་ཁྱོད་ལ་གནས་གཡོར་ཟེར་བ་ཡུམ་ལ་རྨིས་ཤིང་། ལྷུམས་སུ་བཞུགས་པ་ན་ཡུམ་ལ་ཏིང་ངེ་འཛིན་བཟང་པོ་སྐྱེས། སྐུ་བལྟམས་པ་ན་བར་སྣང་འོད་ཀྱིས་ཁེངས་པ་དང་། བལྟམས་ནས་གོག་ཤེས་ཙ་ན་སྔ་མའི་བག་ཆགས་སད་པས། སམ་ཏྲི་ཏའི་སྐད་སྨྲ་བ་བྱུང་།བོ་དོང་རིན་པོ་ཆེ་ལ་སོགས་དག་པའི་གདུལ་བྱ་འགའ་ཞིག་གིས་འཇམ་དབྱངས་དང་དབྱེར་མེད་པར་མཐོང་ཞིང་། ངེས་པ་རྙེད་ལ།གཞན་ཡང་གསང་བའི་གནས་ལྟར་མི་མངོན་པ་དང་། དབུའི་གཙུག་ཏོར་གསལ་པོར་འཕགས་པ་དང་། སྨིན་མཚམས་ཀྱི་མཛོད་སྤུ་དུང་ལྟར་གཡས་སུ་འཁྱིལ་བ་ཡོན་ཏན་མང་དང་ལྡན་ནོ། །མངོན་པར་ཤེས་པ་ཡང་མངའ་སྟེ། བྱང་ངོས་སུ་བྱོན་པའི་དུས་སུ། ཤིང་མོ་སྦྲུལ་གྱི་ལོ་སྟོན་ཟླ་འབྲིང་པོ་ཤར་བ་དང་། ཕྱགས་ཕེབས་ནས་གྲོངས་པའི་ལོ་གཅིག་གི་གོང་ལྕགས་ཕོ་ཁྱིའི་སྟོན་ཟླ་ཐ་ཆུང་ཤར་བའི་ཚེ།དྲུང་ན་འདུག་པ་འགའ་ཞིག་ལ། ལྕགས་ཕག་ལ་ཞིང་གཞན་དུ་གཤེགས་ཟེར་བ་ཐོག་ཏུ་ཕེབས་གསུངས། དེ་ལྟ་བུའི་བླ་མ་དེས་བཞི་ཐོག་གཟིམ་ཁང་བཏབ། ཤིང་ཕོ་འབྲུག་ལ་ཧོར་ཡུལ་དུ་བྱོན། སྤྱིར་