[A:154]རྟིང་དུ་བུ་ཡན་རྒྱལ་པོའི་ལུང་གིས་བཞི་ཐོག་ཏུ་བསྐོས། བླ་མ་ཉིད་ཀྱིས་དགུང་ལོ་བཞི་བཅུ་ཞེ་ལྔ་ནས་རེ་གསུམ་པའི་བར་ལོ་བཅུ་དགུ་གདན་ས་མཛད་ནས། རེ་གསུམ་པ་ཤིང་ཕོ་བྱི་བ་ལ་བཞི་ཐོག་གཟིམ་ཁང་དུ་སྐུ་གཤེགས་སོ། །བླ་མ་འདི་ལ་རིགས་ཀྱི་སྲས་བཅུ་གཉིས་སྲས་མོ་གཉིས་ཏེ་བཅུ་བཞི་འཁྲུངས་སོ། །ཐོག་མར་གོང་དུ་བཞུགས་པའི་དུས་སུ། སློབ་དཔོན་བསོད་ནམས་བཟང་པོ་དབང་
འདིར་གཞོན་ནུའི་དུས་སུ་བྱང་ངོས་སུ་ཆང་གུའི་གུང་གི་མིང་ཐོབ] རྩིང་ལ་གི་གན་རྒྱལ་པོས་སྲས་ཅོ་ཨུན་བྷ་གན་གནང་། དབང་གི་མིང་བྱིན་ནས་བོད་དུ་བྱོན་པས་མདོ་ཁམས་སུ་འདས
དང་། དེ་ཉིད་དང་ཡུམ་གཅིག་པའི་སྲས་མོ་གཅིག་འཁྲུངས་སྐད་དོ། །སླར་གདན་སར་ཕྱགས་ཕེབས་ནས་མ་གཅིག་མང་གར་མ་ལ་བླ་མ་ཆེན་པོ་ཀུན་དགའ་བློ་གྲོས་རྒྱལ་མཚན་དཔལ་བཟང་པོ་ཡབ་དགུང་ལོ་སོ་བརྒྱད་བཞེས་པའི་ས་མོ་ཕག་གི་ལོ་ལ་འཁྲུངས་ཏེ། རྣམ་ཐར་རྒྱའི་ཡིག་ཚང་ན། བླ་མ་དང་རྒྱལ་པོ་གང་བྱོན་པ་ཐམས་ཅད་ལ་མཛད་སྤྱོད་འཕྲལ་ལ་ཡི་གེར་འདེབས་པས། དེའི་ལུགས་བཞིན་བལྟས་ན་བླ་མ་འདི་དང་བླ་མ་འཕགས་པ་གཉིས་མཚུངས་ཞེས་ཐོས་ལ། དེ་ལྟ་བུའི་བླ་མ་དགུང་ལོ་ཉི་ཤུ་རྩ་དགུ་བཞེས་པའི་དུས་མེ་མོ་ཡོས་ལ་མེ་ཏོག་ར་བའི་སྡེ་ཆེནཔོར་བདེ་བར་གཤེགས་སོ། །བླ་མ་བདག་ཉིད་ཆེན་པོའི་བཙུན་མོ་མ་གཅིག་ནམ་མཁའ་རྒྱལ་མོ་བྱ་བ་ལ་སྲས་གསུམ་འཁྲུངས་པའི་ཆེ་བ་དེ་ལ་བླ་མ་མཁས་བཙུན་ཆེན་པོ་ནམ་མཁའ་ལེགས་པའི་བློ་གྲོས་རྒྱལ་མཚན་དཔལ་བཟང་