[A:15]འཕྲུལ་ཆེན་མོའི་སྲས་སུ་སྤྲུལ་པའི་སྐུར་བསྟན་ཏེ། དཔྱིད་ཟླ་ཐ་ཆུང་ཚེས་བརྒྱད་སྐར་མ་རྒྱལ་གྱི་དུས་སུ་བལྟམས། དེ་ཡང་ཇོ་བོ་རྗེའི་ལུགས་ཀྱིས་ཤིང་ཕོ་བྱི་བའི་ལོ་ལ་ལྷུམས་སུ་ཞུགས། ཤིང་མོ་གླང་གི་ལོ་ལ་བལྟམས། ས་མོ་ཕག་ལ་སངས་རྒྱས། ཤིང་ཕོ་སྤྲེའུའི་ལོ་ལ་མྱ་ངན་ལས་འདས་པར་བཞེད་ལ། ཆོས་རྗེ་ས་སྐྱ་པས་མེ་མོ་ཡོས་ལ་ལྷུམས་སུ་ཞུགས། ས་ཕོ་འབྲུག་ལ་བལྟམས། ཆུ་ཕོ་སྟག་ལ་སངས་རྒྱས།མེ་མོ་ཕག་ལ་འདས་པར་བཞེད་དོ། །བཅོམ་ལྡན་འདས་དང་དུས་མཉམ་དུ་ཡུལ་དབུས་ཀྱི་རྒྱལ་པོ་བཞི་ལ་བུ་བཙས་ཏེ། མཉན་ཡོད་དུ་རྩིས་ཀྱི་རིང་འཕུར་ཚངས་བྱིན་གྱི་བུ་ནི་གསལ་རྒྱལ་ལོ། །རྒྱལ་པོའི་ཁབ་ཏུ་རྒྱལ་པོ་པདྨ་ཆེན་པོའི་བུ་ནི་གཟུགས་ཅན་སྙིང་པོ། །ཀོ་ཤམྦྷི་ནར་རྒྱལ་པོ་དམག་བརྒྱ་པའི་བུ་ནི་ཤར་པའོ། །
ཞེས་སྔོན་བྱུང་ནས་བཤད
འཕགས་རྒྱལ་དུ་རྒྱལ་པོ་མུ་ཁྱུད་མཐའ་ཡས་ཀྱི་བུ་ནི་གཏུམ་པོ་་རབ་སྣང་ངོ་། །བྱང་ཆུབ་སེམས་དཔའ་བལྟམས་ནས་ཞག་བདུན་ནས་ཡུམ་འདས་ཏེ་སུམ་ཅུ་རྩ་གསུམ་དུ་སྐྱེས་སོ། །གྲགས་འཛིན་མ་དང་ས་མཚོ་མ་ལ་སོགས་པ་བཙུན་མོ་བརྒྱད་ཁྲི་བཞི་སྟོང་བཞེས་ཏེ། དགུང་ལོ་ཉི་ཤུ་རྩ་དགུ་ཁབ་ཏུ་བཞུགས་ནས། ལོ་དྲུག་དཀའ་བ་སྤྱད་ནས་བྱང་ཆུབ་སྙིང་པོར་གཤེགས་ཏེ། ས་གས་ཉ་བའི་ཚེས་བཅོ་ལྔ་ལ་སྲོད་ལ་བདུད་བཏུལ། ནམ་གུང་ལ་མཉམ་པར་བཞག ཐོ་རེངས་མངོན་པར་རྫོགས་པར་སངས་རྒྱས་ཏེ། མི་མཇེད་ཀྱི་བདག་པོ་ཚངས་པས་གསོལ་བ་བཏབ་ནས། ཝ་ར་ན་སིར་དྲང་སྲོང་ལྷུང་བ། རི་