[A:55]ཆེན་པོའི་བསྒྲུབ་ཀྱི་ཆོས་ལ་སྒྲུབ་ཐབས་ཆེན་མོ་དང་སྒྲུབ་ཐབས་ཀྱི་ཕྲན་གཉིས་སོ། །སྒྲུབ་ཐབས་ཆེན་མོའི་སྐོར་ལ། དྲུག་སྐོར་དང་སུམ་སྐོཻར་གཉིས། དེ་ལ་སྤྱིའི་ཁོག་འབུབས་དང་། དགོས་ཀྱི་སྤྱན་འགྲེལ་དང་། ཊི་ཀ་དང་། བསྡུས་དོན་རྣམས་ཡོད་དོ། །བཤད་ཆོས་ཡིན་ནོ། །གཞན་ཡང་ཞལ་གདམས་ཀྱི་ཆོས་སྐོར་ལ་གཉིས།རྒྱ་ཆེ་བ་གཞན་དོན་དུ་གདམས་པ་ཆེ་ཚོ་དང་། ཟབ་པ་རང་དོན་དུ་གདམས་པ་ཆུང་ཚོ་གཉིས་སུ་འབྱེད་པ་ལ་སོགས་པ་ཐུགས་རྗེ་ཆེན་པོའི་ཆོས་སྐོར་མང་པོ་དང་། ལྷ་སར་ཕྱག་མཆོད་བྱས་པའི་ཕན་ཡོན།མ་འོངས་པ་ལུང་བསྟན་པ་གབ་པ་སྔོན་ཆུང་དུ་གྲགས་པ་དང་།གཞན་ཡང་ད་སྟེ་གདུང་རབས་ལྔ་ན། ང་ཡི་དབོན་སྲས་རྒྱལ་པོ་ལྡེ་ཞེས་བྱ་བའི་རིང་ལ་དམ་པའི་ལྷ་ཆོས་བྱུང་། དེ་བཞིན་གཤེགས་པའི་རྗེས་སུ་རབ་ཏུ་བྱུང་བ་དབུ་རེག་དང་ཞབས་རྟེན། སྐུ་ལ་ངུར་སྨྲིག་གི་རྒྱལ་མཚན་གསོལ། ལྷ་དང་མིའི་མཆོད་གནས་ཀྱང་མང་དུ་བྱུང་།དེ་ལ་རང་དང་གཞན་གྱི་འདི་དང་ཕྱི་མ། མཐོ་རིས་དང་ཐར་པའི་བདེ་བ་བྱུང་བས། ངའི་དབོན་སྲས་རྗེ་བློན་རྣམས་ཀྱིས་མཚོ་བ་རྗེ་བླ་ནས་སྦྱོར། ཆབ་འོག་ནས་སྡེ་བྱིན་ལ་དབུ་མཆོད་གནས་སུ་ཁུར་ཅིག་ཅེས་བཀའ་བསྩལ་ཏོ། །དེ་བློན་པོ་མགར་གྱིས་ཟངས་ཀྱི་བྱང་བུ་ལ་བྲིས་ནས་འཆིང་བུའི་དཀོར་མཛོད་དུ་སྦས་སོ། །གཞན་ཡང་དེ་ནས་གདུང་རབས་གཉིས་ནས་རྒྱལ་པོ་དུད་འགྲོའི་མིང་ཅན་བྱུང་། དམ་པའི་ཆོས་བསྣུབས་པར་གྱུར་ཏེ། མཐར་མནར་མེད་པའི་དམྱལ་བར་