[A:70]ཏུ་བྱུང་ནས་མཚན་ཡེ་ཤེས་འོད་ཅེས་བྱ་སྟེ། མཐོ་ལྡིང་དཔལ་གྱི་གཙུག་ལག་ཁང་བཞེངས༑ ལོ་ཙྪ་བ་རིན་ཆེན་བཟང་པོ་དང་།རྔོག་ལེགས་པའི་ཤེས་རབ་ལ་སོགས་པ་ཁྱེའུ་བློ་རྣོ་བ་ཉུང་རྩ་གཅིག་རྒྱ་གར་དུ་ཆོས་སློབ་པར་བརྫངས། པཎྜི་ཏ་ཤྲ་ཏ་ཀ་ར་ཝརྨ་ལ་སོགས་པ་སྤྱན་དྲངས་ཏེ། མཚན་ཉིད་ཀྱི་ཐེག་པ་དང་། ཁྱད་པར་དུ་རྒྱུད་སྡེ་བཞི་བསྒྱུར་ཅིང་གཏན་ལ་ཕབ། པཎྜི་ཏ་དྷརྨ་པཱ་ལ་དང་པྲཛྙ་པཱ་ལ་སྤྱན་དྲངས་ཏེ། ཞང་ཞུང་བ་རྒྱལ་པོ་ཡེ་ཤེས་ཀྱིས་སྡོམ་པ་བླངས་ཤིང་། བལ་པོར་འདུལ་འཛིན་སྲེ་ཏ་ཀ་ལ་འདུལ་བའི་ལག་ལེན་ཞུས་ཏེ། དེ་ནས་བརྒྱུད་ནས་འདུལ་སྟོད་ལུགས་དར་བར་མཛད་དོ། །གཅུང་འཁོར་ལོས་ཀྱང་ཁ་ཚརགྱི་གཙུག་ལག་ཁང་བཞེངས། དེའི་སྲས་ལྷ་སྡེས་ཀྱང་པཎྜི་ཏ་སུ་བྷ་ཤི་ཏ་སྤྱན་དྲངས༑ དེའི་སྲས་འོད་ལྡེ་དང་། ཞི་བ་འོད། བཙུན་པ་བྱང་ཆུབ་འོད་གསུམ་གྱིས་ནག་ཚོ་ཚུལ་ཁྲིམས་རྒྱལ་བ་ལ་སོགས་པའི་མི་ལྔ་ལ་གསེར་མང་པོ་བསྐུར། རྒྱ་བརྩོན་སེང་དཔོན་དུ་བསྐོས་ནས་པཎྜི་ཏ་བཟང་པོ་སྤྱན་དྲོངས་ལ་ཤོག་བྱས་པས། རྒྱ་གར་ཤར་ཕྱོགས་ཀྱི་རྒྱལ་པོ་དགེ་བ་དཔལ་གྱི་སྲས་པཎྜི་ཏ་དི་པམ་ཀར་ཤྲི་རྙ་ན་སྤྱན་དྲངས། སྒྲོལ་མས་ལུང་བསྟན་ནས་བོད་དུ་བོན། སངས་རྒྱས་ཀྱི་བསྟན་པ་དར་བར་མཛད། མངའ་བདག་འོད་ལྡེས་ཁ་ཆེ་ཛྙ་ན་ཤྲི་སྤྱན་དྲངས། དེའི་སྲས་ཙེ་ལྡེའི་རིང་ལ་པཎྜི་ཏ་ཞི་བ་བཟང་པོ་ལ་སོགས་པ་སྤྱན་དྲང་ས། ལོ་ཙྪ་བ་རྔོག་བློ་ལྡན་ཤེས་རབ་རྒྱ་གར་དུ་བརྫངས། བསྟན་པ་ལ་བྱ་བ་ཆེན་པོ་མཛད་དོ། །