[A:77]ངག་དང་བཅས་ཞུས། ཕོ་བྲང་དུ་བཀྲ་ཤིས་པའི་རྟེན་འབྲེལ་དུ་འཇམ་དབྱངས་ཀྱི་ཕྱག་མཚན་དང་ནོར་བདག་རྣམས་བྲིས། ནོར་གཏེར་བཅུག ཆབ་སྲིད་ལ་མངའ་མཛད། དེའི་སྲས་ཇོ་བོ་ཤཱཀྱ་བཀྲ་ཤིས་ཀྱིས་ཕོ་བྲང་རྙིང་མ་བཏབ། ཆབ་སྲིད་ལ་མངའ་མཛད་ནས།དགུང་ལོ་བདུན་ཅུ་རྩ་བཞི་ལ་གཤེགས། དེའི་སྲས་ཆེ་བ་ཁུ་བོའི་སར་རབ་ཏུ་བྱུང་ནས་སྤྱིལ་བུའི་གདན་ས་མཛད། ལྷ་བྲག་དཀར་བར་གྲགས། དེའི་གཅུང་པོ་མངའ་བདག་གྲགས་པ་རིན་ཆེན་སྐུ་ན་གཞོན་ནུ་ནས་རབ་ཏུ་བྱུང་ནས། བླ་མ་རྒྱལ་རིན་པོ་ཆེའི་ཉེ་གནས་ལོ་ལྔ་མཛད། ཆོས་ཁྲིད་རྗོགས་པར་ཞུས། རྟིང་མ་འགྲོ་མགོན་ཆོས་ཀྱི་རྒྱལ་པོ་དང་མཇལ། རྒྱུད་གསུམ་གདམས་ངག་དང་བཅས་པ་ཞུས།ཉེ་གནས་བྱས་ནས་རྒྱ་ཡུལ་དུ་ཕྱགས་ཕྱིར་བྱོན། སེ་ཆེན་རྒྱལ་པོ་དང་མཇལ། རང་གི་མངའ་རིས་ལ་དབང་སྒྱུར་བའི་ལུང་བླངས། བྲག་ཁ་ལ་སོགས་པའི་ཕོ་བྲང་མང་པོ་བཏབ། ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་ལ་སོགས་གསུང་རབ་མང་པོ་གསེར་ལས་བཞེངས། ཇོ་གཏན་ཚོགས་པའི་ཆོས་གཞི་ནམ་ཞག་གཏན་དུ་འདེགས་པའི་སོན་འཛུགས་པ་ལ་སོགས་པ་བསྟན་པའི་ཞབས་ཏོག་དང་། སྦྱིན་གཏོང་དུ་མ་མཛད། དགུང་ལོ་བཞི་བཅུའི་བར་ཆབ་སྲིད་ཆོས་བཞིན་དུ་བསྐྱངས་ཏེ། དགུང་ལོ་ལྔ་བཅུ་རྩ་གསུམ་ལོན་པ་ལུག་གི་ལོ་ལ་མངའ་བདག་ཤཱཀྱ་མགོན་ལ་རྒྱལ་སྲིད་གཏད་ནས།ངེས་དོན་ཟབ་མོའི་ཐུགས་དམ་ལ་ཞུགས་ནས་གླང་ལོ་བ་བདུན་ཅུ་རྩ་