R960: ཡར་ལུང་ཇོ་བོའི་ཆོས་འབྱུང་།

  • Pagination (Witness A): 7
[A:7]བདུན་གཡས་ཡུ་བསྐོར་ནས་འབབ་པ་ཡིན་ནོ། །གཞན་ཡང་རི་སྤོས་ཀྱི་ངད་ལྡང་གི་ཕྱོགས་སུ་དཔག་ཚད་ཉི་ཤུ་འདས་པ་ན། བྲག་གསེར་གྱི་བྱ་སྐྱིབས་ཅན་ལྷ་མ་ཡིན་གྱི་ངོས་ཞེས་བྱ་བ་དང་། དེའི་བྱང་དུ་དཔག་ཚད་ཉི་ཤུ་འདས་པ་ན་ཤིང་ས་ལའི་རྒྱལ་པོ་རབ་བརྟན་ཞེས་བྱ་བ་འདོམ་བཞི་བཅུ་ཐུར་དུ་ཟུག་པ། བརྒྱ་བཅུ་གྱེན་དུ་འཕགས་པ་ཡོད་དོ། །དེའི་ཤར་ན་རྫིང་བུ་དལ་གྱིས་འབབ་པ་ཞེས་བྱ་བ་དང་།མཚོ་མ་དྲོས་པ་ན་ཤིང་འཛམ་བུ་ཞེས་བྱ་བ་འབྲས་བུ་མངར་བ་རྫ་མ་་་ཙམ་དང་ལྡན་པ་དེ་སྨིན་ནས་ཆུའི་ནང་དུ་ལྷུང་པ་ན་འཛམ་བུ་ཞེས་བྱ་་བའི་སྒྲ་འབྱུང་ལ། ཤིང་དེས་མཚོན་པའི་ཕྱིར་འཛམ་བུ་གླིང་བྱའོ། །གཞན་ཡང་གླིང་འདིའི་ནུབ་ཕྱོགས་ན། ཨུ་རྒྱན་རྡོ་རྗེ་ཆེན་པོའི་ཕོ་བྲང་ཞེས་བྱ་བ་རིག་པ་འཛིན་པ་རྣམས་ཀྱི་གནས་ཡོད་ལ། རྡོ་རྗེ་ཐེག་པ་ཕལ་ཆེ་བ་དེ་ནས་བྱུང་ངོ་། །ལྷོ་ཕྱོགས་རྒྱ་མཚོའི་གླིང་ན་རི་གྲུ་འཛིན་བྱ་བ་རྩེ་མོ་ན་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དང་། རྩ་བ་ན་རྗེ་བཙུན་སྒྲོལ་མ་བཞུགས་པའི་གནས་ཡོད་དོ། །ཤར་ཕྱོགས་རི་བོ་རྩེ་ལྔ་ན་འཕགས་པ་འཇམ་དཔལ་བཞུགས་པའི་གནས་ཡོད་དོ། །གཞན་ཡང་ཡུལ་ཆེན་པོ་བཅུ་དྲུག་དང་། ཡུལ་ཕྲན་སྟོང་དང་མི་རིགས་མི་འདྲ་བ་སུམ་བརྒྱ་དྲུག་བཅུ་དང་། སྐད་རིགས་མི་གཅིག་པ་བདུན་བརྒྱ་ཉི་ཤུ་ཡོད་ཅེས་གྲག་གོ །ཕྱིའི་རྒྱ་མཚོའི་ཤར་ཕྱོགས་ན་ལུས་འཕགས་པོ་ཞེས་བྱ་བའི་གླིང་། གླིང་གཡོག་གཉིས་དང་བཅས་པ་ཡོད་དེ་དབྱིབས་ཟླ་གམ་དུ་གནས་སོ། །ཕྱིའི་རྒྱ་མཚོའི་བྱང་ན་སྒྲ་མི་