[A:34]དཀའ་བའོ། །ད་ནི་བདག་གིས་སློབ་དཔོན་གྱི་ཡོན་ནི་ཕྱིས་གསབ་པར་བྱ་སྟེ། ཐོག་མར་ཀར་ཤ་པ་ནི་ལྔ་བརྒྱ་པོ་འདིས་དེ་བཞིན་གཤེགས་པ་ལ་མཆོད་པར་བྱའོ༑ ༑སྙམ་དུ་དགོངས་ནས་མེ་ཏོག་བཙལ་བ་ལ་རྒྱལ་པོས་མེ་ཏོག་བཙོང་དུ་མེད་པའི་ཁྲིམས་བཅས་པས་མ་རྙེད་པ་དེའི་ཚེ་བྲམ་ཟེའི་བུ་མོ་བཟང་ལེན་ལྡན་གྱིས་མེ་ཏོག་
ཨུཏྤལ་བདུན་
གསང་ཏེ་ཉོས་ནས་ཆུའི་བུམ་པར་སྦས་པ་ཁྱེའུ་ཡི་མཐུས་ནམ་མཁའ་ལ་འཐོན་ཏེ། དེ་ནས་ཁྱེའུས་མེ་ཏོག་དེ་ཉིད་ཉོར་བྱིན་ཞིག་ཅེས་སྨྲས་པ་དང་སྐྱེ་བ་ཐམས་ཅད་དུ་ཁྱིམ་ཐབ་ཏུ་ཁས་ལེན་ན་སྦྱིན་ནོ་ཞེས་ཟེར་བ་ལ། བུ་མོ༑ དེ་སྐད་མ་ཟེར་ཅིག བདག་ནི་རྟག་ཏུ་ཚངས་པར་སྤྱད་པ་སྤྱོད་དོ། །ཞེས་སྨྲས་པ་དང༌། དེ་ལྟར་ནའང་ལན་ཅིག་དེ་ལྟར་ཁས་ལོང་དང་ཕྱིས་ཁོ་མོས་དགེ་བའི་བར་ཆད་མི་བྱེད་དོ་ཞེས་པ་ལ། སྐྱེ་བ་ཐམས་ཅད་དུ་ཁྱིམ་ཐབ་ཏུ་གྱུར་ཅིག་ཅེས་ཁས་བླངས་ཏེ། ཨུཏྤལ་ལྔ་ཉོས་ནས་ཨུཏྤལ་ལྔ་ཕུལ་གཉིས་མོ་རང་གི་མཆོད་པའི་སྐལ་བར་བཞག་
དེ་བཞིན་གཤེགས་པ་མར་མེ་མཛད་ག་ལ་བ་དེར་ཨུཏྤལ་ལྔ་པོ་ཐམས་ཅད་
གཏོར་ཏེ༑ ཁྲི་སྙན་ས་ལེའི་ལྤགས་པ་བཏིང་པ་ཉན་ཐོས་ཀྱིས་བརྟུལ་པ་དང་སླར་ཡང་བཏིང་ནས་མར་མེ་མཛད་དེ་བཞིན་གཤེགས་པ་ཀུན་ནས་སྤྱན་བདག་གི་ལྷག་པའི་བསམ་པ་ཐུགས་སུ་ཆུད་པར་མཛོད་ལ་རི་དྭགས་ཀྱི་ལྤགས་པ་ལ་ཞབས་བཞག་པར་མཛོད་ཅིག དེ་བྱོན་པ་མཆོད་པས་མཉེས་པར་བྱས་ཏེ། རལ་པ་གསེར་གྱི་མདོག་ཅན་སྟན་དུ་བཏིང་ནས་མར་མེ་མཛད་ཀུན་ནས་སྤྱན་རལ་པ་འདི་ལ་ཞབས་བཞག བདག་ལུང་བསྟན་པས་དབུགས་དབྱུང་དུ་གསོལ། ཕྱག་གིས་དྲང་དུ་གསོལ། གལ་ཏེ་ཞབས་མི་འཇོག་གམ་ལུང་མི་སྟོན་ན་འདི་ཉིད་དུ་ལུས་བསྐམ་པར་བྱའོ། །ཞེས་ཡིད་དམ་བརྟན་པོ་བྱས་པ་དང༌། སྟོན་པས་དེའི་