R984: ཆོས་རྗེ་ས་སྐྱ་པཎྜི་ཏས་མཛད་པའི་ཆོས་འབྱུང་ཆེན་མོ།

  • Pagination (Witness A): 39
[A:39]རྣམ་པར་སྦྱོང་བར་ཞེས་བྱ་བའི་ཆོས་བཤད་ཀྱི་ཚུར་ཤོག ཆོས་སྣང་བའི་སྒོ་བརྒྱ་རྩ་བརྒྱད་འདི་དག་པོ་ནི་བྱང་ཆུབ་སེམས་དཔའ་འཆི་འཕོ་བའི་ཚེ་བསྟན་པར་བྱའོ༑ ༑དེ་ལ་དད་པ་ནི་ཆོས་སྣང་བའི་སྒོ་སྟེ། བསམ་པ་མི་ཕྱེད་པར་འགྱུར་བའི་ཕྱིར་རོ། །དང་བ་ནི་ཆོས་སྣང་བའི་སྒོ་སྟེ་སེམས་རྙོག་པ་ཅན་དྭངས་པར་འགྱུར་བའི་ཕྱིར་རོ། །ཞེས་པ་ལ་སོགས་པའི་ཆོས་བཤད་པས། ལྷའི་བུ་བརྒྱད་ཁྲི་བཞི་སྟོང་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །ལྷའི་བུ་སུམ་ཁྲི་ཉིས་སྟོང་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་བོ། །ལྷའི་བུ་བྱེ་བ་ཕྲག་སུམ་ཅུ་རྩ་དྲུག་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་རྣམ་པར་དག་གོ་ཞེས་སོ། །དེ་ལྟར་ལྷ་རྣམས་སྨིན་པར་བྱས་ཏེ། གང་གི་ཚེ་ན་དགའ་ལྡན་གནས་མཆོག་ནས། །འདྲེན་པ་སྐྱེས་བུ་སེང་གེ་འཆི་འཕོ་ཚེ། །ལྷ་རྣམས་དག་ལ་ཚིག་ཏུ་སྨྲ་བ་ནི། །གྲོགས་དག་བག་མེད་སྤྱོད་པ་སྤོང་བར་གྱིས། །གང་ཚེ་ངས་ནི་བྱང་ཆུབ་ཐོབ་གྱུར་ཏེ། །འཆི་མེད་འགྲོ་བའི་ཆོས་ཆར་འབེབས་པའི་ཚེ། །རྣམ་པར་དག་པའི་སེམས་དང་ལྡན་པ་ཁྱེད། ། ཆོས་ཀྱི་དམ་པ་ཉན་པའི་ཕྱིར་གཤེགས་ཤིག །
ཞེ
ས་གསུངས་ནས་མི་ཕམ་པ་རྒྱལ་ཚབ་ཏུ་དབང་བསྐུར་ནས། ཐོད་དང་རྒྱན་རྣམས་བཀྲོལ་ནས། གྲོགས་པོ་དག་ཤེས་པར་གྱིས་ཤིག ཁོ་བོ་ནི་མི་རྣམས་འདུལ་བའི་ཕྱིར་འཛམ་བུའི་གླིང་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྲོ་སྟེ། ཁྱེད་ལ་ནི་མི་ཕམ་པས་ཆོས་སྟོན་པར་འགྱུར་རོ། །ཞེས་གསུངས་པས་ལྷ་རྣམས་ཀྱིས་སྨྲས་པ། ཀྱེ་བྱང་ཆུབ་སེམས་དཔའ་འཛམ་བུའི་གླིང་པ་ནི་དེང་སང་འོད་སྲུངས་རྫོགས་བྱེད་དང༌། ཀུན་ཏུ་རྒྱུ་གནག་ལྷས་ཀྱི་བུ་དང༌། ཡང་དག་རྒྱལ་བ་ཅན་དང༌། མི་ཕམ་སྐྲའི་ལྭ་བ་ཅན་དང༌། ཀ་ཏའི་བུ་ནོག་ཅན་དང༌། གཅེར་བུ་པ་གཉེན་གྱི་བུ་སྟེ་རྟོག་གེ་པ་དྲུག་དང༌། བྲམ་