[A:50]ངན་འདས་པ་ཐོབ། །ཅེས་སོ། །དེ་ནས་སྐྱེ་བ་ལྔ་བརྒྱ་སྨོན་ལམ་བཏབ་པའི་ཤཱཀྱ་ས་འཚོ་མ་དང༌། བྲམ་ཟེ་དྲིལ་བུ་སྒྲའི་བུ་མོ་གྲགས་འཛིན་མ། བྲམ་ཟེ་ལེགས་པར་དུལ་གྱི་བུ་མོ་ལེགས་སྐྱེས་མ་དང༌། རི་དྭགས་འཛིན་མ་སྟེ། གཙུན་མོའི་གཙོ་མོ་ཉི་ཁྲི་དང་
རྒྱ་ཆེར་རོལ་པ་ནས་བརྒྱད་ཁྲི་བཞི་སྟོང་ཟེར་
བཅས་པ་ཁབ་ཏུ་བཞེས་ཏེ། དགའ་བ་རོལ་བར་སྤྱོད་དོ། །གལ་ཏེ་ལྷ་སྦྱིན་འདི་རྟག་པར་གནོད་པ་སྐྱེལ་བས་དགྲ་མ་ཡིན་ནམ་སྙམ་ན་མ་ཡིན་ཏེ། དམ་པའི་ཆོས་པདྨ་དཀར་པོ་ལས། ལྷ་སྦྱིན་འདི་ནི་ང་ཡི་དགེ་བའི་བཤེས་གཉེན་ཏེ། །ལྷ་སྦྱིན་ལ་བརྟེན་ང་ཡི་ཕ་རོལ་ཕྱིན་དྲུག་རྫོགས་ཕྱིར་རོ། །ཞེས་སོ།། །།
༈ དྲུག་པ་ངེས་པར་འབྱུང་བ་ནི། བྱང་ཆུབ་སེམས་དཔའ་དུས་ལས་མི་འདའ་ཡང་ཕྱོགས་བཅུའི་སངས་རྒྱས་ཀྱིས་བསྐུལ་བ་ཆོས་ཉིད་ཡིན་པས། ནམ་མཁའི་སིལ་སྙན་གྱི་སྒྲ་ལས། རྒྱ་ཆེ་རོལ་པ་ལས། སྡུག་བསྔལ་བརྒྱས་གང་སེམས་ཅན་མཐོང་ནས་ནི། །འགྲོ་བའི་མགོན་དང་སྐྱབས་དང་གནས་གྱུར་ཞིང༌། །ཕན་བྱེད་མཆོག་དང་དཔུང་གཉེན་གྱུར་ཅིག་ཅེས། ཁྱོད་ཀྱིས་སྔོན་ནི་སྨོན་ལམ་དེ་སྐད་བཏབ༑ ༑འཆི་མེད་མྱ་ངན་མེད་པར་སངས་རྒྱས་ནས། །སྔོན་གྱི་སྨོན་ལམ་ཚིག་མཆོག་དྲན་གྱིས་ལ། །གྲོང་ཁྱེར་འདི་ནས་མྱུར་དུ་མངོན་པར་བྱུང༌། །ཞེས་བསྐུལ་བ་གསན་པ་དང༌། ཞག་བདུན་ན་རབ་ཏུ་བྱུང་བར་བཞེད་པས། སྐྱེད་མོས་ཚལ་དུ་གཤེགས་པ་ན་གྲོང་ཁྱེར་གྱི་ཕྱོགས་བཞི་དང༌། དབུས་སུ་ནགས་ཚལ་གྱི་ལྷས་སྤྲུལ་པའི་སྐྱེ་རྒ་ན་འཆི་དང༌། དགེ་སྦྱོང་གི་དངོས་པོ་གཟིགས་པ་ལ་མཁྱེན་བཞིན་དུ་འདུན་པ་ལ་དྲིས་ཏེ། བདག་ཀྱང་སྡུག་བསྔལ་འདི་ལྟ་བུ་མྱོང་བར་འགྱུར་སྙམ་ནས༑ ཡབ་ཡུམ་ལ་ཞུས་པས་མ་གནང་སྟེ། འདོད་པའི་ཡོན་ཏན་གྱིས་བྲིད་ཅིང་